རྨི་ལམ་འཚོལ་བ།

སྨྲ་སྙུག་གྲོལ།        2021-06-21

ང་རང་གཞན་གྱི་དྲུད་ལྷམ་ཞིག་ཏུ་གྱུར་ནས།

མི་གཙང་བའི་དྲི་ངན་དང་འདྲེས་ཡུན་རིང་།

ངག་མི་འཁྲོལ་བའི་མཚན་མོ་རེ་རེ།

སྐྱོ་གདུང་ཡོད་ཚད་སྒྱེ་ནས་ལྷོག་སྟེ།

མིག་ཆུ་རེ་རེ་ལ་ཁ་དོག་བྲིས།

རྒྱང་རིང་གི་རྨི་ལམ་ཞིག་ལ་ཡུན་རིང་སྔས་ཏེ།

དུས་ཚོད་ཀྱི་གོམ་པ་འདམ་ལ་འབྱར།

རེ་ཆད་ཀྱི་མགོ་བོ་དུད་མེད་ནའང་།

སེན་མོ་དང་རྐང་མཐིལ་སྔ་མོ་ནས་རྣག་ལ་བསྒྲེས།

རྨི་ལམ་ཡ་རྨི་ལམ།

ངས་འཚོལ་བཞིན་པའི་རྨི་ལམ།

ཁྱོད་ཡང་སྙིང་རྒྱང་རིང་གི་གང་དུ་སྦས་ཡོད།

མཇོར་གྱིས་བརྐོས་ཚེ་རྙེད་དམ།

ཟོར་བས་བྲེགས་ཚེ་རྙེད་ཡོང་།

རྡང་ཐག་སྣེ་ལ་འདུག་གམ།

ལྷས་རའི་ཟུར་ལ་འདུག

ང་ལ་གསུང་རོགས།



  • ལེ་ཚན་སྔོན་མ།:བྲག་ཆ་ལྟ་བུའི་སྙན་ངག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།