གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།

ཨོ་རྒྱན་གྱིས་བྲིས།        2021-06-18

གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།

ཚོགས་རའི་ཡུལ་དངོས། 


     སྤྱི་ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་དྲུག་པའི་ལྔ་གཉིས་གསུམ་སློབ་གསོ་ལག་ལེན་བྱེད་སྒོའི་བགྲོ་གླེང་གྲོས་ཚོགས་གནས་མཆོག་རྡོ་ར་དཀར་མོ་ནས་འཚོགས་མགོ་བརྩམས་པ་རེད།

     ཚོགས་འདུ་རུ་ཁུལ་སྲིད་གྲོས་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་ནང་བསྟན་མཐུན་ཚོགས། དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་ཡོད་པ་རེད།


གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་གསུང་བཤད་གནང་བཞིན་པ།


    དར་མདོ་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེ31གི་འབྲེལ་ཡོད་འགན་ཁུར་གྲྭ་བཙུན་དང་བླ་སྤྲུལ་དགེ་བཤེས། མཁན་པོ་བཅས་ཁྱོན་དགེ་འདུན་པ330ལྷག་གྲོས་ཚོགས་སུ་ཞུགས།


གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།

གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།

གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།

གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།ཚོགས་རའི་ཟུར་ཞིག། 


    ཐེངས་འདིའི་གྲོས་ཚོགས་ནི་ཉིན་གསུམ་གྱི་རིང་ལ་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུའི་རིང་ལ། རྩ་ཁྲིམས་དང་དམངས་ཁྲིམས། ཏང་གི་ལོ་རྒྱུས། ཆོས་ལུགས་ལས་རིགས་མི་སྣ་དོ་དམ་བྱེད་ཐབས། རྒྱལ་གཅེས་ཆོས་གཅེས་མེས་རྒྱལ་གཅེས་ཞེས་པའི་གཙོ་དོན་སློབ་གསོ་སོགས་ཀྱི་སྒྲོག་འགྲེལ་བྱེད་རྒྱུ་ཡོད་པ་རེད།

     སྤྱི་ཚེས19ཉིན་གྱི་སྔ་དྲོར་དར་མདོ་གྲོང་ཁྱེར་ནང་བསྟན་ལས་རིགས་ཀྱིས“ཏང་བཙུགས་ལོ100རྟེན་འབྲེལ་དུ། མར་རྒྱན་མེ་ཏོག་ཏང་ལ་འབུལ”ཞེས་པའི་གྲོང་ཁྱེར་ཡོངས་ཀྱི་དགོན་པ31གི་སོ་སོའི་ལག་རྩལ་དང་ཕྱག་རྒྱུན་མ་ཉམས་པའི་ཐོག་ནས་ལག་རྩལ་གསར་པ་ནང་འདྲེན་གྱི་ངང་མར་རྒྱན་མཆོད་པ་བཤམས་པའི་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ་རྒྱུ་དང་། ཉིན་དེའི་ཕྱི་དྲོར། “ལོ་བརྒྱའི་ཀྲུང་གོ་ཕུགས་འདུན་ལས། ནང་བསྟན་དུས་རབས་གསར་པར་སྐྱོད”ཅེས་པའི་དགོན་ཁག་སོ་སོའི་བྲིས་པ་དག་གིས་བོད་ཡིག་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ་རྒྱུ་ཡོད་ལ། དཀར་མཛེས་ཁུལ་གྱི་ཡིག་མཁན་དགེ་རྒན་སྐོར་ཞིག་གདན་དྲངས་ཤིང་། ཡིག་གཟུགས་ལ་དཔྱད་འདེམས་བྱས་ཏེ་ཨང་རིམ་དགར་ནས་གཟེངས་བསྟོད་བྱ་དགའ་དང་དཔང་ཡིག་གནང་རྒྱུ་ཡོད་པ་རེད།


གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།མགོ་ཁྲིད་དག་གིས་མར་རྒྱན་མཆོད་པར་གཟིགས་བཞིན་པའི་ཚུལ། 


    སྤྱི་ཚེས20ཉིན་དེང་རབས་བོད་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བརྗོད་བྱ་གཙོ་བོའི་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་དང་། དགོན་པ་ཁག་གི་སྐྱེས་ཆེན་འཐུས་མིས་གཏམ་བཤད་གནང་རྒྱུ་དང་། གྲུབ་མཐའ་སོ་སོའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དཔྱད་གཏམ་གནང་རྒྱུ། དགོན་སྡེའི་ལོ་རྒྱུས་དེབ་ཐེར་རྩོམ་སྒྲིག་ལས་དོན་བཀོད་སྒྲིག་གནང་རྒྱུ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་ཕྱོགས་བསྡོམས་གསུང་བཤད་གནང་རྒྱུ་བཅས་ཀྱི་ཚོགས་འདུའི་རིམ་པ་བཀོད་སྒྲིག་བྱས་ཡོད་པ་རེད།།


གནས་མཆོག་རྡོ་ར་དཀར་མོ་རུ་ནང་བསྟན་སྐོར་གྱི་གྲོས་ཚོགས་ཤིག་འཚོགས།

ཚོགས་ཞུགས་མི་སྣ་ཡོངས་ཀྱི་ལྷན་སྒྲོན་འདྲ་པར།

  • ལེ་ཚན་སྔོན་མ།:ཟོལ་མེད་ཡིད་ཆེས་བཅངས་ནས་བདེ་སྐྱིད་ལམ་དུ་བསྐྱོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།