ཨ་མྱེས་བྲག་དཀར།

ཁ་བ་ན་རོ།        2021-06-18

མཐོ་ཞིང་བརྗིད་པའི་ཕ་ཡུལ་ཨ་མྱེས་བྲག་དཀར།

ངས་རྨི་ལམ་ནས་རྙེད་པའི་སྒོར་མོ་དུང་ཕྱུར་

འགའ་ཇི་བཞིན།

དྲན་པ་དང་མིག་ཟུང་ཤོར་སའི་ཞེ་སྣང་བན་བུན།

ཨ་མྱེས་བྲག་དཀར་ན།

བྲག་དཀར་ལས་བརྗིད་

པའི་གཞི་བདག་གི་སྙིང་རྗེ་དང་།

ཨ་མྱེས་བྲག་དཀར་ན། བྲག་དཀར་ལས་

ཟབ་པའི་ཕ་ས་སྨུག་པོའི་གཏམ་རྒྱུད་ཡོད།

ཨ་མྱེས་བྲག་དཀར་ན། ངའི་སྙན་ངག་ཏུ་སྒོམ་

པའི་ཐ་སྙད་འདི་དག་གི་ཚེ་སྲོག་ཀྱང་ཅི་ལ་མེད།

ཨ་ཕའི་ཕྲེང་བ་མ་བོར་བའི་ཨ་མྱེས་བྲག་དཀར་ན།

གཞི་བདག་བཙན་པོ་ཞིག་གི་མགོན་སྐྱོབ་

དང་སྐྱབས་མཇུག་ཡོད།

ཨ་མའི་རྩམ་དྲི་མ་ཡལ་བའི་ཨ་མྱེས་བྲག་དཀར་ན།

བོད་ཀྱི་བུད་མེད་ཅིག་གི་གཤིས་ཀ་དང་མོ་སྒོ་སྦས་ཡོད།



  • ལེ་ཚན་སྔོན་མ།:སྣང་བའི་སྣ་གླུ་བརྡོལ་བའི་ཚིག་གི་བུ་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།