སློབ་གསོའི་དྲིན་ལན།

པདྨ་རྡོ་རྗེ།        2021-06-17

བོད་བཙན་པོའི་རྒྱལ་རབས་སིལ་བུར་ཐོར་ནས་ད་ལྟའི་བར་དུ་བོད་རིགས་མི་དམངས་ལ་སྐད་ཡིག་ཅེས་བརྗེད་དུ་མི་རུང་བ་ཞིག་ཡོད་པ་ནི་སྔོན་བྱོན་མཁས་པ་དང་དགེ་རྒན་དག་གིས་དྲིན་གྱིས་ཡིན་ལ། དེ་ལྟར་ང་ཚོར་ཡོད་འོས་པ་ནི་སློབ་སྦྱོང་ལ་དཀའ་ཁག་ཅི་ཙམ་ཡོད་ཀྱང་མདུན་སྐྱོད་བྱས་ཏེ་དྲིན་ལན་ལོག་འཇལ་མི་བྱེད་པ་དེ་ཡིན། ཉིན་གཅིག་གི་དགེ་རྒན་ནི་ཚེ་གཅིག་གི་ཕ་མ་ཡིན་ཞེས་པ་ལྟར། འུ་ཅག་གི་སྣེ་ཁྲིད་མཁན་ནམ་དཀར་གསལ་གྱི་སྒྲོན་མེ་གནང་མཁན་ལྟ་བུ་རེད།

ཀྱེ། སློབ་གྲོགས་ཚོ། རང་མི་རིགས་ཀྱི་རིག་གནས་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད། ཆད་པ་ཁ་སྐོང་བ་སོགས་ཀྱི་རླབས་ཆེན་གྱི་འགན་ལྕི་དེ་རིམ་བཞིན་འུ་ཅག་གི་ཕྲེག་ཏུ་འབབ་བཞིན་མཆིས་ན། བོད་སྐད་ཡིག་གི་དེབ་ཆུང་འདི་དག་ལ་གཅེས་པར་བཟུང་ཞིང་ལྟ་བར་རིགས་སོ།།ལྷག་པར་དུ་རྒན་གྱི་སློབ་གསོ་གང་མང་ཞིག་ལ་བསྟེན་ནས་དུས་རབས་ཉེར་གཅིག་པའི་ཤེས་ལྡན་མི་སྣ་གང་མང་ཞིག་གསོ་སྐྱོང་བྱེད་པར་མཐུན་རྐྱེན་བཟང་པོ་རེ་བསྐྲུན་ན་ལེགས།ང་ཚོ་ནི་རྣམ་དཔྱོད་དང་བློ་གྲོས་ཀྱི་བསམ་བློ་རྒྱས་བཞིན། ཐབས་ཤེས་དང་འདྲ་བའི་བྱ་སྤྱོད་ཁྱད་དུ་འཕགས་པའི་ནུས་ཤུགས་ལྡན་པའི་མཐོ་རིམ་སྲོག་ཆགས་ཤིག་ཡིན་པ་དང་རིན་ཐང་བྲལ་བའི་མི་ལུས་རིན་ཆེན་ཐོབ་ཡོད་པས་སློབ་སྦྱོང་ལ་བརྩོན། དགེ་རྒན་གྱིས་དུས་རྒྱུན་ང་ཚོ་ལ་བཤད་པའི་སྐད་ཆ་དག། ང་ཚོར་དགོས་པ་ནི་ཤེས་རིག་གི་རྒྱན་ཆ་ཡིན་ལ་མདའ་མདུང་གི་མཚོན་ཆ་མིན། སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཞེས་པ་ལྟར་ང་ཚོའི་འོས་འགན་ནི་བསམ་སྤྱོད་ཡ་རབས་ཀྱིས་རང་རིགས་ཀྱི་རིགས་གཞུང་སྤེལ་ནས་མི་རིགས་ལ་ཞབས་འདེགས་ཞུ་དགོས།

མདོར་ན། སློབ་གསོའི་བཀའ་དྲིན་འདི་དག་མ་བརྗེད་པར་སེམས་སུ་དམ་པོར་བཅངས་ནས་རྣམ་གཡེང་དང་སྒྱིད་ལུག་གི་དབང་དུ་མི་འགྲོ་བར་གསེར་ལས་ལྷག་པའི་རིན་ཐང་བྲལ་བའི་རིག་གནས་ལ་འབད་པར་བྱ།ང་ནི་རྩྭ་ཐང་ནས་ནར་སོན་པའི་འབྲོག་ཕྲུག་ཅིག་སྟེ་དུས་ནམ་ཡང་རང་གི་ཕ་སྐད་གཙང་མ་དེ་མི་བརྗེད་པར་མ་ཟད།དུས་ནམ་ཡང་དེའི་ཕྱོགས་ལ་འབད་པ་དང་བོད་སྐད་གཙང་མ་ངག་ནས་སྨྲ་མཁན་གྱི་སློབ་བུ་ཞིག་བྱེད་དགོས་སོ།།



  • ལེ་ཚན་སྔོན་མ།:སླར་མཇལ་བ།
  • ལེ་ཚན་རྗེས་མ།:སེམས་མི་སྐྱིད་དུས།