གུང་ཁྲན་ཏང་ལ་བསྔགས་པའི་གླུ་དབྱངས།

ཇོ་བོ་སྒྲོལ་དཀར།        2021-06-30

མཐའ་ཡས་རྩྭ་ཐང་སྟེང་ལ།།

རྟ་ནོར་ལུག་གིས་ཁེངས་འདུག།

འབྲོག་དམངས་རྣམས་ཀྱི་ཞལ་ལ།།

དགའ་སྤྲོའི་འཛུམ་མདངས་རྒྱས་འདུག།

འབྲོག་མི་རྣམས་ཀྱི་རྫི་གླུ།།

ཆར་ཟིམ་ཀློང་ནས་གྲག་བྱུང་།།

འབྲོག་མོ་རྣམས་ཀྱི་བཞོ་དབྱངས།།

སྨུག་སྤྲིན་ཁྲོད་ན་འཐིམ་འདུག།

འདི་ལྟར་འཚོ་བ་བཟང་པོ།།

ཇི་ལྟར་བྱུང་ཞེས་དྲིས་དུས།།

འབྲོག་མི་རྒན་གཞོན་ཀུན་གྱིས།།

ཏང་གི་དྲིན་ཡིན་གསུངས་བྱུང་།།

གྲོང་ཁྱེར་ཆེན་པོའི་ནང་ལ།།

བ་གམ་ཁང་བཟང་བརྩིགས་འདུག།

ཚན་རིག་རྩལ་ལས་གྲུབ་པའི།།

ངོ་མཚར་བཀོད་པ་མཛེས་པ།།

མིག་མངས་དྲ་བ་འཐེན་འདྲའི།།

སྣུམ་ནག་གཞུང་ལམ་སྟེང་དུ།།

རླངས་འཁོར་ཆེ་འབྲིང་ཆུང་གསུམ།།

གཅིག་ལས་གཅིག་མགྱོགས་རེད་འདུག།

གྲོང་མི་མང་ཚོགས་སེམས་ལ།།

བདེ་སྐྱིད་དྲོད་འཁོལ་འཁྱིལ་དོན།།

རྒྱུ་མཚན་ཅི་ཡིན་དྲིས་པས།།

ཏང་གི་དྲིན་ཡིན་གསུངས་བྱུང་།།

ཞིང་ཐང་ཆེན་པོའི་ནང་ལ།།

ལོ་ལེགས་འབྲས་བཟང་སྨིན་འདུག།

མཐའ་ཡས་ཞིང་ཐང་ཡངས་པོར།།

སྙེ་མའི་རྦ་རླབས་འཕྱུར་གྱིས།།

ཁང་བཟང་ཀ་བཞི་གདུང་བརྒྱད།།

འབྲུ་དང་ནོར་གྱིས་བཀང་པས།།

ཨ་ཅག་ཞིང་པའི་གདོང་ལ།།

འཛུམ་མདངས་ཡལ་རྒྱུ་མི་འདུག།

དེ་ལྟར་མཛུམ་མདངས་སྟོན་དོན།།

རྒྱུ་མཚན་ཅི་ཡིན་དྲིས་པས།།

ཏང་སྲིད་བཟང་པོའི་འོད་སྣང་།།

ཞིང་པར་འཕྲོས་བྱུང་ཟེར་གྱིས།།

མཐོ་སྒང་བོད་ལྗོངས་ཡོངས་ལ།།

ཏང་སྲིད་འོད་སྣང་འཕྲོས་འདུག།

ཏང་གི་སྲིད་ཇུས་བཟང་པོས།།

མི་དམངས་བདེ་ལ་བཀོད་འདུག།

འཐོབ་པའི་ལེགས་ཚོགས་མ་ལུས།།

ཏང་གི་བཀའ་དྲིན་ཡིན་པས།།

མ་ཡུམ་ཏང་ལ་བསྟོད་པའི།།

གླུ་དབྱངས་སྙན་མོ་ལེན་ནོ།།



  • ལེ་ཚན་སྔོན་མ།:ཁྱོད་ལ་སྤྲིངས་པའི་སེམས་འཕྲིན།
  • ལེ་ཚན་རྗེས་མ།:འཁྲུངས་སྐར་བསུ།