ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐོག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་བླང་བྱ་བཏོན།

བདེ་སྐྱིད་ཀྱིས་བསྒྱུར།        2021-06-30

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཉེན་མེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོག་པ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད་ཉེན་མེད་ཐོན་སྐྱེད་སོགས་འབྲེལ་ཡོད་གཙོ་གནད་ལས་ཀ་བསྐྱར་དུ་ནན་གསུང་དང་བསྐྱར་དུ་བཀོད་སྒྲིག བསྐྱར་དུ་དོན་འཁྱོལ་བྱས་པ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་ཉེན་ཟོན་དྲན་སྐུལ་དང་གྲ་སྒྲིག་ཨང་གསར། ནན་འགོག་ལྷོད་མེད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཞའོ་ཡིའུ་ཚའེ་ཡིས་མིག་སྔར་ཁུལ་ཡོངས་ཀྱི་ཉེན་ཁའི་དུས་བབ་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བར་བརྟེན། ལས་ཀའི་ཁྲོད་དུ་ད་དུང་མངོན་གསལ་དོད་པའི་གནད་དོན་ཡོད་པ་རེད། རིམ་པ་ཁག་དང་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་ཏུ་ཉེན་མེད་ཐོན་སྐྱེད་ནན་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས“ཉེན་ཁ་འགོག་ཟོན་དང་མངོན་མེད་རྐྱེན་ངན་སེལ་བ། གནོད་འཚེ་སྔོན་འགོག། མངོན་མེད་དོན་རྐྱེན་ཇེ་ཉུང་། ཉེན་མེད་འགན་ལེན”སོགས་ཀྱི་ལས་ཀར་སྐུལ་འདེད་གཏང་དགོས། གཅིག་ནི་མངོན་མེད་རྐྱེན་ངན་ཆེན་པོ་གྲལ་བཤེར་བྱ་དགོས་པ་དང་། གཉིས་ནི་གནད་དོན་ཆེན་པོ་དག་བཅོས་བྱ་དགོས། གསུམ་ནི་འགན་འཁྲི་ཆེན་པོ་དོན་འཁྱོལ་བྱ་དགོས།

ཚོགས་འདུའི་ཐོག་ཞའོ་ཡིའུ་ཚའེ་ཡིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་གཅིག་གྱུར་འཆར་འགོད་ལ་དམ་འཛིན་ཡག་པོ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གནས་ཚུལ་ཚུར་ལྡོག་བྱས་པའི་གནད་དོན་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ལས་ཀ་ཡང་བསྐྱར་བཀོད་སྒྲིག་བྱས་པ་རེད།།



  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་ཏང་དབུ་བརྙེས་པའི་དུས་ཆེན་འདི་ལྟར་བསུས།
  • ལེ་ཚན་རྗེས་མ།:གླུ་ལེན་གར་འཁྲབ་བྱས་ནས་ཏང་གི་བཀའ་དྲིན་བསྟོད།
  • དོ་སྣང་ཆེ་བའི་རྩོམ།