ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-06-29

 འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་སྤྱི་ཚེས་27ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་འགོ་འཛིན་ཆུས་ཆིང་ཧྲན་དང་། ཞིབ་འཇུག་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གདན་ཞུས་ཀྱིས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་ངོ་སྤྲོད་གནང་བ་མ་ཟད་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་བཙུགས་པ་ནས་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལྟེ་བར་གཞིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། གཙོ་གནད་འབུར་ཐོན། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཅས་བྱས་ནས། ཏང་གི་ལོ་རྒྱུས་ཞིབ་འཇུག་དང་ཚད་ལྡན་ཡིག་ཆ་རྩོམ་སྒྲིག གསུང་རྩོམ་རྩོམ་སྒྱུར་སོགས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ད་ལོའི་སྤྱི་ཟླ་གཉིས་པར། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་གནང་ཡོད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་འགོ་འཛིན་ཆུས་ཆིང་ཧྲན་གྱིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་འབད་འཐབ་ལོ་རྒྱུས་དང་གྲུབ་འབྲས་རླབས་པོ་ཆེར་བརྟེན་ནས་ངར་ཤུགས་སྐུལ་སྤེལ་དང་ཁ་ཕྱོགས་གསལ་སྟོན་བྱེད་པ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་བརྟན་གཏོང་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་བ། ཏང་གི་ལག་ལེན་གསར་གཏོད་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ནས་བློ་གྲོས་ཀྱི་བློ་སྒོ་འབྱེད་པ་དང་། གཤིས་རྒྱུད་ལ་ཞུན་བརྡར་བྱེད་པ་བཅས་བྱས་ནས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་མུ་མཐུད་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

        སྤྱི་ལོ་2019ལོའི་ཟླ་12ཚེས་31ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་འབོར་ཁྲི་9191དང་བཞི་སྟོང་ཟིན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གྲངས་འབོར་ཁྲི་468དང་ཆིག་སྟོང་ཟིན་ཡོད། ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་མི་གྲངས་50ལྷག་ལས་མེད་པའི་སྲིད་ཏང་ཞིག་ནས་འཛམ་གླིང་ཐོག་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་སུ་གོང་འཕེལ་ཕྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཡི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་མྱོང་བ་མ་ཟད། སྲིད་འཛིན་ཡུན་རིང་བྱས་ཀྱང་ཐོག་མཐའ་བར་གསུམ་དུ་ལང་ཚོའི་གསོན་ཤུགས་རྒྱུན་འཁྱོངས་ཐུབ་ཡོད། དེའི་ཐད་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཞིབ་འཇུག་པུའུ་གསུམ་པའི་ཀྲུའུ་རེན་ཅང་ཧྲུའུ་ཕིང་གིས། ལོ་100ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་བཞི་བསྒྲུབ་ཐུབ་པ་བྱས་ནས། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་རླབས་རྒྱུན་གྱི་མདུན་གྲལ་དུ་བསྐྱོད་པ་དང་། ཐོག་མཐའ་བར་གསུམ་དུ་འགག་གཏོར་དཀའ་སེལ་གྱི་མདུན་གྲལ་དུ་ལངས་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་རང་ངོས་གཙང་བཟོ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་འདེགས་བཅས་བྱེད་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཡིན།


  • ལེ་ཚན་སྔོན་མ།:ཐོབ་ཐང་ལག་འཁྱེར་བརྐུས་ནས་དངུལ་བྱང་སོགས་བཟོས་ན་ཁྲིམས་འགལ་ཡིན།
  • ལེ་ཚན་རྗེས་མ།:མིའི་ཚེ་ཐག་ལོ150བར་སླེབས་སྲིད།
  • དོ་སྣང་ཆེ་བའི་རྩོམ།