བོད་ནས་རྙེད་པའི་བང་སོ་འདི2འོས་སྦྱོར་རྣམ་གྲངས་བཅུའི་ནང་ཚུད་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-06-24

མཚོ་སྔོན་གྱི་གསར་རྙེད་འདི2020ལོའི་དར་གོས་ལམ་བུའི་གནའ་རྫས་རྟོག་ཞིབ་ཀྱི་འོས་སྦྱོར་རྣམ་གྲངས་བཅུའི་ནང་ཚུད་འདུག

མཚོ་སྔོན་གྱི་རྣམ་གྲངས1བདམས་ཐོན་བྱུང་བ།

       2020ལོའི་དར་གོས་ཚོང་ལམ་ཐོག་གི་གནའ་རྫས་རྟོག་ཞིབ་ཀྱི་འོས་སྦྱོར་རྣམ་གྲངས་ཆེ་གྲས་བཅུ་ཡོངས་བསྒྲགས་བྱས་འདུག

       ཉེ་ཆར་“སྤྱི་ལོ2021ལོའི་དར་གོས་ཚོང་ལམ་གྱི་གཟའ་འཁོར་”ཞེས་པའི་ཧང་ཀྲོའུ་ཡི་བྱེད་སྒོ་སྤེལ་ཡུལ་གཙོ་བོའི་ཐོག་《སྤྱི་ལོ་2020ལོའི་དར་གོས་ཚོང་ལམ་རིག་གནས་ཤུལ་བཞག་གི་ལོ་འཁོར་སྙན་ཞུ་》ཞེས་པ་ཁྱབ་བསྒྲགས་བྱས་ཡོད་ཅིང་། པེ་ཐིན་གྱི་མཁར་རྙིང་པའི་གནའ་རྫས་རྟོག་དཔྱད་དང་། ཧོ་ནན་ཨན་དབྱང་གི་རྡོའི་ཉལ་ཁྲིའི་བང་སོ། མཚོ་སྔོན་གྱི་“2018ལོའི་ཞའོ་ཝེ་དང་པོའི་”བང་སོ། བོད་ལྗོངས་མངའ་རིས་གསང་མདའ་ལུང་སྒོའི་བང་སོ། ཨའོ་སི་མན་བཙན་རྒྱལ་གྱི་བྱིང་གྲུ་ཆེན་པོ། ཧ་སག་སི་ཐན་གྱི་ཁུའུ་ལེ་ཐ་ཕེ་རྗེས་ཤུལ། ཁ་ཐར་གྱི་ཝུའུ་སའེ་ལ་བང་སོ། ཨུ་རུ་སུའི་ཞི་པོ་ལི་ཡའི་བང་སོ། ཕ་ཁི་སི་ཐན་གྱི་སི་ཝ་ཐེ་བྲམ་ཟེའི་ཆོས་ལུགས་ལྷ་ཁང་གི་རྗེས་ཤུལ། ཀྲེ་ཅང་གི་ཡུང་ཅ་མ་ཨན་ཧྲན་ལུང་ཆུ་མིག་ཕུག་གི་གནས་ཤུལ་བཅས་སྤྱི་ལོ་2020ལོའི་དར་གོས་ལམ་བུའི་གནའ་རྫས་རྟོག་ཞིབ་ཀྱི་འོས་སྦྱོར་རྣམ་གྲངས་ཆེ་གྲས་བཅུའི་གྲས་སུ་བཅུག་ཡོད་པ་རེད། 

       ལོ་འཁོར་སྙན་ཞུའི་ནང་སྤྱི་ལོ་2020ལོའི་ཡོ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་10ལྷག་གི་དར་གོས་ཚོང་ལམ་གྱི་གནའ་རྫས་རྟོག་ཞིབ་སྐོར་གྱི་གསར་རྙེད་རྣམ་གྲངས་42བཀོད་ཡོད་ལ། དེ་དག་སྐམ་སའི་དར་གོས་ཚོང་ལམ་དང་། རྩྭ་ཐང་གི་དར་གོས་ཚོང་ལམ། མཚོ་ཐོག་དར་གོས་ཚོང་ལམ། མཚོ་བོད་ས་མཐོའི་དར་གོས་ཚོང་ལམ་བཅས་ལ་ཁྱབ་ཡོད། གྲུབ་འབྲས་གསར་པ་མང་ཆེ་བ་ཀྲུང་གོའི་མངའ་ཁོངས་སུ་ཐོན་པ་དང་ལྷག་དོན་དུ་ཀྲུང་གོའི་ཤིན་ཅང་ས་ཁུལ་གྱི་གནའ་གྲོང་གི་གནའ་རྫས་རྟོག་ཞིབ་ནི་གསར་རྙེད་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་ཤོས་ཡིན་པ་རེད།

རྒྱ་སྐྱེད་དཔེ་ཀློག

       འདི་ལོའི་ཟླ་4པར་2020ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་གྱི་དུར་ལམ་ཆུ་ཁོལ་བང་སོའི་ཚོགས་2018ལོའི་ཞུའེ་ཝེ་དང་པོའི་བང་སོར་བདམས་ཐོན་བྱུང་བ་རེད།

       ཆུ་ཁོལ་བང་སོའི་དུར་ཚོགས་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཆུ་ཁོལ་ཤང་གི་ཡུལ་ཁོངས་སུ་ཡོད་ཅིང་། ཆུ་ཁོལ་ཤང་དང་ཁྲ་ཧན་ཝུའུ་སུའུ་གཙང་པོའི་ལྷོ་བྱང་ངོགས་གཉིས་སུ་ཡོད། ཆུ་ཁོལ་བང་སོའི་དུར་ཚོགས་ནི་དུས་རབས་6པ་ནས་8པའི་བར་གྱི་དུར་ཚོགས་གལ་ཆེན་ཞིག་ཡིན་པ་དང་། རིག་དངོས་འབོར་ཆེན་ཐོན་པ་དེ་དག་གིས་རྒྱལ་རབས་བྱང་མ་ནས་སུའེ་དང་ཐང་རྒྱལ་རབས་བར་མཚོ་སྔོན་གྱི་གོས་ལམ་ནི་དར་གོས་ཚོང་ལམ་ཐོག་གི་མ་ལམ་གལ་ཆེན་ཞིག་ཡིན་པ་དང་། དུར་ལམ་ནི་ཤར་དང་ནུབ་ཕྱོགས་ཚོང་དོན་གྱི་བར་བརྒྱུད་ས་ཚིགས་ཤིག་ཡིན་པ་ར་སྤྲོད་ནུས་ལྡན་ཐུབ་ཡོད།

       སྤྱི་ལོ་2018ལོའི་ཞའོ་ཝེ་དང་པོའི་བང་སོའི་གནའ་རྫས་རྟོག་ཞིབ་སྔོག་འདོན་ནི་ཚན་པ་མང་པོ་དང་རིག་ཚན་མང་པོའི་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཡིན། བང་སོ་དེ་ནི་ཆུ་ཁོལ་བང་སོའི་དུར་ཚོགས་ལས་ཆ་ཚང་ཤོས་དང་། མ་ལག་གསལ་ཤོས། བང་སོའི་ཁང་པ་རྙོག་འཛིང་ཆེ་ཤོས་བཅས་ཀྱི་རིམ་པ་མཐོ་བའི་བང་སོ་ཞིག་ཡིན་པ་གཏན་འཁེལ་བྱུང་བ་རེད། དེའི་ནང་བང་སོའི་མཆོད་སྟེགས་དང་། མཆོད་དོང་། ལྡེབས་རིས། ཚོན་གདུང་སོགས་རྙེད་པ་མ་ཟད་གནའ་རྫས་སྤུས་ལེགས་འབོར་ཆེན་རྙེད་ཡོད་པས། ཐང་རྒྱལ་རབས་(བོད་བཙན་པོའི་རྒྱལ་རབས་)དུས་ཀྱི་ཆུ་ཁོལ་ཁུལ་གྱི་པུར་འཇུག་གོམས་སྲོལ་དང་དེ་བཞིན་ཐང་རྒྱལ་རབས་དང་གྲངས་ཉུང་མི་རིགས་དབར་གྱི་འབྲེལ་བའི་ལོ་རྒྱུས། དར་གོས་ཚོང་ལམ་གྱི་འགྲིམ་འགྲུལ་ལོ་རྒྱུས། དངོས་པོའི་རིག་གནས་སྤེལ་རེས་ལོ་རྒྱུས་སོགས་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་དྲ་ཚིགས་ཤར་གཏོང་བྱ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10