རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-06-24

       དབྱར་ཁ་ཉི་མ་ཇེ་ཚ་དང་གནམ་གཤིས་ཇེ་དྲོར་འགྲོ་བཞིན་པ་དང་བསྟུན། ཚང་མར་སྐད་ཆ་ཞིག་བཤད་འདོད་པ་སྟེ། རླངས་འཁོར་ནང་དུ་མེ་ལྕགས་དང་། སྤོས་ཆུ། གཏེར་ཆུ། འབར་སླ་བའི་དངོས་རྫས་སོགས་འཇོག་མི་རུང་། 

 

རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།

 

       སྤྱི་ཟླ་6ཚེས་11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་ཡས་མས་སུ་ལོ་34ལ་སླེབས་ཡོད་པའི་སྐུ་ཞབས་ཝང་ལགས་དང་གཅུང་པོ་གཉིས་ཀྱིས་རླངས་འཁོར་བཏང་ནས་ཧུའུ་ནན་ཁྲང་དབྱི་མྱུར་བགྲོད་གཞུང་ལམ་བརྒྱུད་ཉིང་ཤང་དུ་སླེབས་སྐབས་རླངས་འཁོར་གྱི་ཁ་སྒྱུར་ཡོ་ཆས་མཚམས་ནས་དུ་བ་འཕྱུར་བ་དང་སྦྲགས་རླངས་འཁོར་ཁ་ལོ་བསྒྱུར་མི་ཐུབ་པར་གྱུར་ནས་གཞོགས་ལོག་ནས་འགྱེལ་བ་རེད། ཉེ་འགྲམ་གྱི་གྲོང་མི་འཕྲལ་དུ་རླངས་འཁོར་གྱི་འགྲམ་དུ་བསྐྱོད་ནས་119དང་120ལ་ཉེན་བརྡ་བཏང་། ཁྲང་ཧྲའི་མེ་གསོད་རུ་ཁག་དོན་རྐྱེན་ཐོན་ཡུལ་དུ་འབྱོར་མ་ཐག་རླངས་འཁོར་ནས་གཅེན་གཅུང་གཉིས་བཏོན་དེ།  

 

རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།

 

       སྨན་བཅོས་མི་སྣར་སྨན་བཅོས་བྱེད་དུ་བཅུག་པ་རེད། སྐུ་ཞབས་ཝང་ལགས་ཀྱི་བྲང་ཁར་རིམ་པ་གཉིས་པའི་འཚིག་རྨས་ཕོག་ཡོད་པ་དང་། རྐང་པ་གཡོན་མའི་རུས་པ་ཆག་སྟབས་འཕྲལ་མར་གཤགས་བཅོས་བྱེད་དགོས་ཀྱི་ཡོད་པ་དང་། གཅུང་པོའི་ལུས་ཧྲིལ་བོར་རྨས་སྐྱོན་ཕོག་ཡོད་ལ་རྣ་བ་གཡོན་མ་གཤགས་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་མི་གཉིས་ཀར་སྲོག་ཉེན་མེད། 

 

རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།

 

       བརྟག་དཔྱད་བྱས་པ་ལྟར་ན། རླངས་འཁོར་རང་འབར་གྱི་རྒྱུ་རྐྱེན་ནི་མདུན་ངོས་ཤེལ་སྒོའི་འོག་གི་མེ་ལྕགས་ཉི་མས་སྲེག་ནས་འབར་གས་བྱུང་བ་ཡིན་ཏེ། མེ་ལྕགས། + རླུང་འགོག་ཤེལ་སྒོ་+ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྐབས་ཀྱི་ཉི་མ་བཅས་མཉམ་དུ་འཛོམས་ན། ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་།

 

རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།

 

       རླངས་འཁོར་གཏོང་མཁན་ཚང་མས་ཤེས་གསལ་རེད་དེ། རླངས་འཁོར་ནང་མཛེས་བཟོའི་རྒྱན་ཆ་ནི་རྒྱུན་དུ་མདོག་གནག་པོ་ཡིན་པ་རེད། ཡིན་ཡང་མདོག་གནག་པོས་ཚ་བ་སྡུད་པས་དབྱར་ཁར་རླངས་འཁོར་ཉི་འོད་འཕྲོ་གནས་སུ་བཞག་ཚེ་རླངས་འཁོར་ཧ་ཅང་སྲེག་ངེས་ཡིན། དེར་བརྟེན། ཁྱེད་ཀྱིས་མེ་ལྕགས་སོགས་འབར་སླ་བའི་དངོས་རྫས་རླངས་འཁོར་དུ་འཇོག་པ་ནི། རླབས་ཕྲན་ཐབ་ནང་འབར་སླ་བའི་དངོས་རྫས་བཞག་ནས་འགྲོ་བཞིན་དང་འདྲ་བས། དེས་ན་ཁྱེད་རང་འགྲོ་ཐུབ་པའི་རླབས་ཕྲན་ཐབ་ནང་དུ་འདུག་ཕོད་དམ།

 

རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།

 

       ནང་དོན་འདི་ཚང་མས་ཧ་གོ་ཡོད་ངེས་ཡིན། འོ་ན་རླངས་འཁོར་ནང་དུ་གཏེར་ཆུ་བཞག་པའི་གནས་ཚུལ་གོང་བརྗོད་དང་ཅུང་མི་འདྲ་སྟེ། ཚང་མས་དངོས་ལུགས་སློབ་ཚན་སྐབས་སུ་སྦྱངས་མྱོང་བ་ལྟར། ཆུ་བླུགས་ཡོད་པའི་གཏེར་ཆུའི་ཤེལ་དམ་ནི་འབུར་ཤེལ་ཞིག་ཏུ་འགྱུར་སྲིད་པ་དང་། འབུར་ཤེལ་གྱིས་འོད་འདུ་བྱེད་པ་རེད། དེར་བརྟེན་གལ་ཏེ་ཉི་འོད་རྒྱུན་མཐུད་ངང་རླངས་འཁོར་ནང་གི་གནས་གཅིག་ལ་འཕྲོ་ཚེ། དྲོད་ཚད་མཐོན་པོས་མེ་སྐྱོན་སློང་ངེས་ཡིན།

 

རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།

 

       རྒན་མིག་མིག་ཤེལ་དང་གཞུ་དབྱིབས་ཀྱི་མཛེས་བཟོས་ཤེལ་རྒྱན་སོགས་ཀྱིས་ཀྱང་དེ་དང་འདྲ་བར་མེ་སྐྱོན་སློང་ངེས་པས། དངོས་པོ་དེ་རིགས་རླངས་འཁོར་དུ་མ་བཞག་ན་ལེགས། མཇུག་མཐར་རི་མོ་གཅིག་གིས་ཕྱོགས་སྡོམ་བྱས་ན་འདི་ལྟར། ཚང་མས་མྱུར་དུ་རང་གི་རླངས་འཁོར་ལས་དངོས་པོ་འདི་དག་གཙང་སེལ་གནང་དང་།

  • ལེ་ཚན་སྔོན་མ།:བོད་ནས་རྙེད་པའི་བང་སོ་འདི2འོས་སྦྱོར་རྣམ་གྲངས་བཅུའི་ནང་ཚུད་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།