གངས་དཀར་རི་བོའི་གཏེར་ཆུ་དེ་མཚན་སྙན་རྒྱས་བཞིན་འདུག།

        2021-06-23

 གངས་དཀར་རི་བོའི་གཏེར་ཆུ་དེ་མཚན་སྙན་རྒྱས་བཞིན་འདུག།

   སྤྱི་ཟླ6ཚེས19ཉིན་ཧའེ་ཐུའུ་ཚོགས་པའི་སྐུ་མགྲོན་རྩ་ཆེན། ཝ་ཧ་ཧ་ཚོགས་པ་གསར་གཏོད་གནང་མཁན་སྐུ་ཞབས་ཙུང་ཆིང་ཧོས་དུང་དཀར་ལུང་པར་འབྱོར་ཞིང་། ཧའེ་ཐུའུ་ཚོགས་པའི་འཁྱགས་ཀླུང་གཏེར་ཆུ་ཐོན་སྐྱེད་ཁེ་ལས་ལ་ལྟ་སྐོར་བྱས་པ་རེད།

     དུང་དཀར་ལུང་པའི་དོ་དམ་ལྟེ་གནས་ཀྱི་ཧྲུའུ་ཅི་ཝེན་མིང་དང་ཧའེ་ཐུའུ་ཚོགས་པ་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་མགོ་གཙོ་ཉི་ཀང་གིས་གསར་བརྗེའི་གནས་མཆོག་འབོ་གཤིས་ས་ཆར་ཙུང་ཆིང་ཧོས་ལ་བསུ་བ་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་དཀའ་སྤྱད་འབད་འཐབ་ཀྱི་རྒྱང་སྐྱོད་ལོ་རྒྱུས་ལ་རྗེས་དྲན་ཞུས་པ་རེད།

གངས་དཀར་རི་བོའི་གཏེར་ཆུ་དེ་མཚན་སྙན་རྒྱས་བཞིན་འདུག།

    དཀར་མཛེས་ཁུལ་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཚེ་རིང་དབང་མོ་དང་དུང་དཀར་ལུང་པ་དོ་དམ་ཅུས་ཀྱི་ཧྲུའུ་ཅི་ཝེན་མིང་། ཧའེ་ཐུའུ་ཚོགས་པ་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་མགོ་གཙོ་ཉི་ཀང་བཅས་ཀྱིས་སྐུ་ཞབས་ཙུང་ཆིང་ཧོས་དང་མཉམ་དུ་ཧའེ་ཐུའུ་ཚོགས་པའི་འཁྱགས་རོམ་གཏེར་ཆུ་བཟོ་གྲྭར་ལྟ་སྐོར་དུ་བསྐྱོད་པ་རེད། མགོ་གཙོ་ཉི་ཀང་གིས་རང་བྱུང་དམའ་རིམ་གཏེར་ཆུ་དཀོན་པའི་རང་བཞིན་དང་། སྐྲན་འགོག་རང་བཞིན། མིའི་ལུས་ཁམས་ཀྱི་དབང་པོའི་ནུས་པ་སླར་འཕེལ་གྱི་ཁྱད་ཆོས་དང་གངས་དཀར་རི་བོའི་གཏེར་ཆུ་ཐོན་རྫས་རང་བྱུང་ལྷད་མེད་ཡིན་པ་སོགས་ངོ་སྤྲོད་བྱས། སྐུ་ཞབས་ཙུང་ཆིང་ཧོས་ལགས་སྤྲོ་སྣང་ཆེན་པོས་འཁྱགས་ཀླུང་གཏེར་ཆུ་བཟོ་གྲྭར་ལྟ་སྐོར་བྱས་པ་དང་། གངས་དཀར་རི་བོའི་གཏེར་ཆུ་ཐོན་རྫས་ཀྱི་ཆུ་ཁུངས་སྤུས་ལེགས་དང་། ཐོན་རྫས་ཀྱི་ཚད་ཉུང་མ་རྒྱུའི་ཁྱད་ཆོས། གཏེར་རྒྱུ་འདུས་ཚད། དམའ་ཐིག་གི་ངོ་བོ་བཅས་ལ་ཚད་མཐོའི་གདེང་འཇོག་བྱས་པར་མ་ཟད། གངས་དཀར་རི་བོའི་གཏེར་ཆུ་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཐེངས་འདིའི་རྟོག་ཞིབ་བྱས་པ་བརྒྱུད་ཕྱོགས་གཉིས་པོའི་སྤེལ་རེས་ལ་སྔར་བས་ཤུགས་སྣོན་ཐེབས་ནས་ཕན་ཚུན་ཤེས་རྟོགས་ཐུབ་ཚད་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

     གངས་དཀར་རི་བོའི་གཏེར་ཆུ་ཐོན་སྐྱེད་ཁེ་ལས་ལ་ལྟ་སྐོར་བྱས་རྗེས། དཀར་མཛེས་ཁུལ་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཚེ་རིང་དབང་མོ་དང་དུང་དཀར་ལུང་པ་དོ་དམ་ཅུས་ཀྱི་ཧྲུའུ་ཅི་ཝེན་མིང་། ཧེ་ཐུའུ་ཚོགས་པའི་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་མགོ་གཙོ་ཉི་ཀང་། སྐུ་ཞབས་ཙུང་ཆིང་ཧོས་བཅས་ཀྱིས་མཉམ་དུ་དྲན་རྟེན་འདྲ་པར་བླངས་པ་རེད།


  • ལེ་ཚན་སྔོན་མ།:རྒྱང་སྐྱོད་ཀྱི་སྙིང་སྟོབས་འཚོལ་ཞིབ་བྱས་ནས། གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་ཉམས་སུ་མྱོང་།
  • ལེ་ཚན་རྗེས་མ།:གཡག་མདོ་མྱུར་ལམ་ནས་རླངས་འཁོར་ཤར་གཏོང་བྱས་ཚུལ།
  • དོ་སྣང་ཆེ་བའི་རྩོམ།