ཞི་ཅིན་ཕིང་གིས“‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན”ལ་གཟིགས་སྐོར་གནང་།

    མི་དམངས་དྲ་བ་ནས་དྲངས།    2021-06-23

ཞི་ཅིན་ཕིང་གིས“‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན”ལ་གཟིགས་སྐོར་གནང་།

ཞི་ཅིན་ཕིང་གིས་ཏང་ཡོན་མགོ་ཁྲིད་བློ་མཐུན་སྣེ་ཁྲིད་དེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ།

ཞི་ཅིན་ཕིང་གིས“‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན”ལ་གཟིགས་སྐོར་གནང་།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ“‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཟླ5པའི་ཚེས18ཉིན་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ཕེབས་ནས“‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི’ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་འབྲེལ། ཏང་ཡོན་མགོ་ཁྲིད་བློ་མཐུན་གྱི་སྣེ་ཁྲིད་དེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ་རེད།

ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་བྱེད་སྒོར་ཞུགས་པ་རེད།

ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ནི་གསོན་ཉམས་དོད་ཤོས་དང་གོ་བསྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པའི་སློབ་དེབ་ཅིག་རེད། རང་རེའི་ཏང་གི་ལོ་ངོ་བརྒྱ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་རྒྱུའི་དམ་བཅའ་འཇོག་པའི་ལོ་བརྒྱ་དང་། དཀའ་སྤྱད་འབད་འཐབ་ཀྱིས་རྨང་གཞི་བཏིང་ནས་བྱ་གཞག་གཏོད་པའི་ལོ་བརྒྱ། འོད་སྟོང་འཕྲོ་བའི་བྱས་རྗེས་དང་འབྱུང་འགྱུར་གཏོད་པའི་ལོ་ངོ་བརྒྱ་བཅས་རེད། འདས་པའི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་བ་དང་མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱེད་པར་ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་སྡོམ་ཡག་པོ་བྱས་ཏེ། ཏང་གི་རྩ་ཆེའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་བ་དང་། འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་བློ་ལ་བརྟན་པོར་འཆང་བ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་བཅས་བྱས་ནས་ཏང་གི་འབད་འཐབ་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱ་དགོས། ལྟ་སྐོར་སློབ་སྦྱོང་བརྒྱུད་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་དེ་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྔར་བས་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། བསྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་ཐུབ་པའི་སློབ་གསོ་ཁྲིད་སྟོན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

གསར་དུ་བསྐྲུན་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་བརྗིད་ཉམས་ལྡན་པ་ཞིག་ཡོད་ཅིང་། ཕྱི་དྲོའི་ཆུ་ཚོད3དང་སྐར་མ20ཙམ་ལ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་དེ་གར་ཕེབས་ཏེ་འགྲེམས་ཁང་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་ལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”བརྗོད་དོན་གཙོ་བོར་བྱས་ཏེ“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རླབས་ཆེན་གྱི་རྒྱལ་ཁ་བླངས་པ”དང་། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱས་པ” “བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་བ” “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ”བཅས་གྲུབ་ཆ་བཞིའི་ཐོག་ནས་ཇུས་འགོད་ཞིབ་ཚགས་བྱས་ཡོད། པར་རིས2600ལྷག་ཙམ་དང་རིག་དངོས3500ལྷག་ཙམ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་བརྒྱའི་ལོ་རྒྱུས་ཕྱོགས་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། རྣམ་པ་ཡོངས། ལོ་རྒྱུས་སྙན་ངག་ལྟ་བུ་བཅས་ཀྱི་ཐོག་ནས་ཐེངས་དང་པོར་མངོན་པ་དང་ཏང་གི་འབད་འཐབ་ལྷོད་མེད་ཀྱི་ལོ་རྒྱུས་དང་། རང་སྲོག་བློས་གཏོང་ལ་མི་སྐྲག་པའི་ལོ་རྒྱུས། རིགས་པའི་གཞུང་ལུགས་འཚོལ་ཞིབ་ཀྱི་ལོ་རྒྱུས། དམངས་ལ་བདེ་རྩ་སྐྲུན་པའི་ལོ་རྒྱུས། རང་ངོས་འཛུགས་སྐྱོང་གི་ལོ་རྒྱུས་བཅས་དམིགས་སུ་མཚོན་ཡོད་པས། མི་རྣམས་ཀྱིས་གསར་བརྗེའི་སྲིད་དབང་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་། ཀྲུང་གོ་གསར་པ་ལས་སླ་པོར་བྱུང་བ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་སླ་པོར་བྱུང་བ་ཞིག་མིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། མར་ཁེ་སི་རིང་ལུགས་འགྲིག་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་ཐུབ་པ་རེད།

བརྗིད་ཉམས་ལྡན་པའི་ལྕགས་རི་རིང་པོ་བརྗོད་བྱ་གཙོ་བོར་བྱས་པའི་བཀྲག་རྩིའི་རི་མོ་དང་། མར་ཁེ་སིའི《པུའུ་ལུའུ་སེར་གྱི་ཟིན་བྲིས》ཀྱི་ཟིན་བྲིས་དེབ་བཞི་པའི་ཕྱག་བསྟར་མ། ཚོགས་ཆེན་དང་པོའི་ཚོགས་རའི་འདྲ་བཟོ། གསར་བརྗེའི་རྟེན་གཞིའི་ཁུལ་གྱི་འགྲེམས་པང་། ཙུན་དབྱི་གྲོས་ཚོགས་ཀྱི་འདྲ་བཟོའི་རྣམ་པ། ཏང་གི་ཚོགས་ཆེན་བདུན་པའི་འདེམས་ཤོག་སྒམ། རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེ་མོའི་བརྙན་པར། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནང་སྤྱད་མྱོང་བའི་མཚོན་ཆ། 《བསམ་བློར་བཅིངས་འགྲོལ། དངོས་ཐོག་བདེན་འཚོལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་ཕྱོགས་སུ་བལྟ་བ》ཞེས་པའི་གསུང་བཤད་གནད་བསྡུས། དཔལ་འབྱོར་དམིགས་བསལ་ཁུལ་གཏོད་གཉེར་གྱི་པར་རིས། དབུལ་ཐར་འགག་སྒྲོལ་གྱི་གྲངས་གཞིའི་རེའུ་མིག ཧོ་ཧྲེན་ཧྲན་དང་ལེ་ཧྲེན་ཧྲན་སྨན་ཁང་གི་དཔེ་དབྱིབས་སོགས་རྩ་ཆེའི་རིག་དངོས་དང་། ཞིབ་ཅིང་ཕྲ་བའི་ཡིག་ཚགས་དཔྱད་གཞི། གསོན་ཉམས་དོད་པའི་པར་རིས་དང་བརྙན་ཐུང་། མངོན་སུམ་གྱི་འདྲ་བཟོའི་རྣམ་པ་བཅས་ལས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱི་ཡིད་དབང་རབ་ཏུ་འཕྲོག་ཡོད། ཁོང་རྣམ་པས་ཕེབས་མཚམས་ཡང་ཡང་བཞག་ནས་ཞིབ་ཕྲ་གཟིགས་པ་དང་། འགྲེལ་བཤད་ནན་ཏན་ངང་གསན་པ། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

གཟིགས་སྐོར་གནང་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་སོགས་ཏང་ཡོན་འགོ་ཁྲིད་བློ་མཐུན་ཚོ་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གི་གསར་བརྗེའི་ཚོམས་ཆེན་དུ་ཕེབས་ཤིང་། དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་ལ་ཕྱོགས་ནས། ཞི་ཅིན་ཕིང་གིས་ཕྱག་གཡས་པ་བཏེགས་གནང་སྟེ་མགོ་ཁྲིད་བློ་མཐུན་གྱི་སྣེ་ཁྲིད་ནས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ་དང་། དམ་བཅའ་འཇོག་པའི་གསུང་སྒྲ་ཚོམས་ཆེན་ཡོངས་སུ་གྲགས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སོགས་གཟིགས་སྐོར་གནང་བར་ཕེབས་པ་རེད།།



  • ལེ་ཚན་སྔོན་མ།:དབང་ཡང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཤུགས་ཆེར་གཏོང་བའི་བརྟག་ཞིབ་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུར་ཞུགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།