རིན་ཐང་སྒོར1070500རི་བའི་གནོད་སྐྱོབ་དངོས་ཟོག་དང་པོ་རྨ་སྟོད་དུ་འབྱོར།

        2021-05-26

སྤྱི་ཟླ5པའི་ཚེས22ཉིན་གྱི་ནམ་གུང་གི་ཆུ་ཚོད2དང་སྐར་མ4(པེ་ཅིན་ཆུ་ཚོད)སྟེང་། མགོ་ལོག་ཁུལ་རྨ་སྟོད་རྫོང(བྱང་གི་འཕྲེད་ཚད་ཏུའུ34.59དང་ཤར་གྱི་གཞུང་ཐིག་ཏུའུ98.34)ལ་ཚད་རིམ7.4ཅན་གྱི་ས་འགུལ་བྱུང་ཡོད།སྤྱི་ཟླ5པའི་ཚེས22ཉིན་གྱི་ནམ་གུང་གི་ཆུ་ཚོད2དང་སྐར་མ30སྟེང་། མཚོ་སྔོན་ཞིང་ཆེན་གྱིས་འཚུབ་བསྟུན་རིམ་པ་གཉིས་ཅན་གྱི་ས་འགུལ་གནོད་སྐྱོན་གྱི་བཀའ་ཁྱབ་ལག་བསྟར་བྱས་པ་དང་། ས་འགུལ་བྱུང་རྗེས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གཤམ་གསལ་གྱི་བྱ་བ་དག་དོན་འཁྱོལ་བྱས་ཡོད་པ་རེད།

གཅིག དུས་ཐོག་ཏུ་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཁང་ལ་ས་འགུལ་གྱི་གནས་ཚུལ་ཡར་ཞུ་བྱས།

གཉིས། དུས་ཐོག་ཏུ་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་བཞི་བཀོད་སྒྲིག་བྱས་ནས་ཉལ་ཆས་ཆ1000དང་། བལ་གུར200། དམག་སྐྱོད་ཉལ་ཁྲི500། ཉལ་གདན800། དགུན་ལྭ500། ཁ་ཤུབས40000བཅས་སྔ་དྲོའི་ཆུ་ཚོད8ཀྱི་སྟེང་གནོད་ཐེབས་ས་ཁུལ་དུ་བསྐྱལ།

གསུམ། མཚོ་སྔོན་རྒྱ་གྲམ་དམར་པོ་ཉེན་སྐྱོབ་རུ་ཁག་དང་། ཀྲུང་གོ་རྒྱ་གྲམ་དམར་པོའི་རོགས་སྐྱོབ་རུ་ཁག་མཚོ་སྔོན་ཡན་ལག་རུ་ཁག་གི་ལས་བཟོ་བ50ཡིས་གཅིག་གྱུར་གྱི་བཀོད་འདོམས་ལ་སྒུག་ཡོད་པ་རེད།

བཞི། རྨ་སྟོད་དམངས་སྲིད་ཅུས་སོགས་འབྲེལ་ཡོད་ལས་ཁུངས་དང་ཁུལ་རྒྱ་གྲམ་དམར་པོའི་ལས་སྒྲུབ་ཚོགས་ཆུང་ལ་འབྲེལ་གཏུག་བྱས་ནས་དུས་ཐོག་ཏུ་གནོད་སྐྱོན་ཐེབས་པའི་གནས་ཚུལ་རྒྱུས་ལོན་བྱས།

ལྔ། མགྱོགས་མྱུར་དུ་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་འགངས་ཆེའི་ས་འགུལ་གནོད་འཚེ་རིམ་པ་གཉིས་ཅན་གྱི་འཚུབ་བསྟུན་བཀའ་ཁྱབ་དང་ལེན་ལག་བསྟར་བྱས་པ་བཅས་རེད།

དེ་དང་ཆབས་ཅིག་ཕྱིན་ཆད་ཀྱི་ལས་དོན་བཀོད་སྒྲིག་བྱེད་སྟངས་གཅིག་ནི་མུ་མཐུད་ནས་ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ཁང་ལ་འབྲེལ་གཏུག་ཆད་མེད་བྱས་ཏེ་གནོད་སྐྱོབ་དངོས་ཟོག་བརྩོན་ལེན་བྱ་རྒྱུ།གཉིས་ནི་ལས་སྒྲུ་བ་ཚོགས་ཆུང་མངགས་ནས་ཡུལ་དངོས་ཀྱི་གནས་ཚུལ་ཞིབ་བཤེར་དང་གནོད་སྐྱོབ་བྱ་བ་བསྒྲུབ་དགོས།གསུམ་ནི་གནོད་སྐྱོན་ཐེབས་པའི་གནས་ཚུལ་དང་ཞིང་ཆེན་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། གནོད་སྐྱོབ་དངོས་ཟོག་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏང་དགོས། བཞི་ནི་ཞིང་ཆེན་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། འགུལ་འགོག་གནོད་སྐྱོབ་ཀྱི་བྱ་བ་མཐའ་དག་གི་བླང་བྱ་ལེགས་སུ་གྲུབ་པ་བྱ་དགོས།

སྤྱི་ཟླ5ཚེས22ཉིན་གྱི་ཕྱི་དྲོའི་ཆུ་ཚོད4པའི་ཐོག མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས《གནོད་སྐྱོབ་སྦྲ་གུར་བཀྲམ་པའི་རེ་ཞུའི་སྐོར་གྱི་ཡི་གེ》ལ་གཞིགས་ནས་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ས་འགུལ་གནོད་སྐྱོབ་ལས་དོན་མགོ་ཁྲིད་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་དང་འབྲེལ། ཞིང་དཔོན་གཞོན་པ་ཁོང་ཡུང་ལ་རེ་ཞུ་བྱས་པར་ཆོག་མཆན་ཐོབ་སྟེ། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་བལ་གུར200ལ་སོགས་པའི་དངོས་ཟོག་བཀྲམ་པའི་རྨང་གཞིའི་ཐོག་སླར་ཡང་སྒོར་ཁྲི132རི་བའི་བལ་གུར500ཁ་སྣོན་བྱས་ཏེ་གནོད་སྐྱོན་ཐེབས་ཁུལ་དུ་བསྐྱལ་བ་རེད།( ཉིན་རེའི་གངས་ལྗོངས་ནས་དྲངས།)


  • ལེ་ཚན་སྔོན་མ།: ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ འབྱུང་རྐྱེན་དེད་ཁུངས།
  • ལེ་ཚན་རྗེས་མ།:ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ཀྱི་གལ་ཆེའི་དོན་སྙིང་།
  • དོ་སྣང་ཆེ་བའི་རྩོམ།