ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ འབྱུང་རྐྱེན་དེད་ཁུངས།

        2021-05-26

1.བསམ་བློའི་རྨང་གཞི། 1917ལོར་ཨུ་རུ་སུའི་ཟླ་བ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བསྐྱལ་ཡོང་སྟེ་མར་ཁེ་སི་ལེ་ཉིན་རིང་ལུགས་འདི་ཀྲུང་གོར་ཡོངས་ཁྱབ་ཏུ་ཁྱབ་སྤེལ་བྱུང་མཐར། ཀྲུང་གོའི་གུང་ཁྲན་ཏང་འཛུགས་པར་བསམ་བློའི་རྨང་གཞི་བཏིང་ཡོད་པ་རེད།

2.གྲལ་རིམ་གྱི་རྨང་གཞི། 1919ལོར་ཀྲུང་གོའི་ཐོན་ལས་བཟོ་པ་ཁྲི200ཡས་མས་སུ་འཕེལ་རྒྱས་བྱུང་ནས་མཚོ་རྒྱུད་དང་གཙང་པོའི་རྒྱུད་ཀྱི་གྲོང་ཁྱེར་དུ་གཅིག་བསྡུས་བྱུང་བར་བརྟེན། གསར་དར་གྱི་སྤྱི་ཚོགས་ནུས་ཤུགས་གྲུབ་པ་དང་།དེ་མིན་ད་དུང་ལག་རྩལ་བཟོ་ལས་ཀྱི་བཟོ་པ་ཁྲི1000ཡོད་པ་རེད། འབྱོར་མེད་གྲལ་རིམ་བྱུང་བ་དང་འཕེལ་རྒྱས་བྱུང་ནས་ཀྲུང་གོ་གུང་ཁྲན་ཏང་འཛུགས་པར་གྲལ་རིམ་གྱི་རྨང་གཞི་བཏིང་པ་རེད།

3.རྩ་འཛུགས་ཀྱི་རྨང་གཞི། ས་གནས་སོ་སོའི་གུང་ཁྲན་ཏང་གི་ཐོག་མའི་དུས་ཀྱི་རྩ་འཛུགས་བཙུགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པར་རྩ་འཛུགས་ཀྱི་རྨང་གཞི་བཏིང་པ་རེད།

4.ཕྱི་རོལ་གྱི་ཆ་རྐྱེན།འཛམ་གླིང་ཡོངས་ཀྱི་གུང་ཁྲན་ཏང་གི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་རོགས་རམ་ཐོབ་པ་རེད། 1920ལོའི་སྤྱི་ཟླ4པར་ཨུ་རུ་སུའི་གུང་ཁྲན་ཏང་ཞི་པའོ་ལི་ཡ་ཅུས་ཀྱིས་ཝེ་ཅིན་སི་ཅིས་སོགས་ལྷན་ཕེབས་བཅས་ཀྲུང་གོར་མངགས་རྗེས།ཁོ་ཚོ་སྔོན་རྗེས་སུ་ལི་ཏཱ་ཀྲའོ་དང་ཁྲེན་ཏུའུ་ཞིའུ་ལ་ཐུག་འཕྲད་བྱས་ནས་ཐུན་མོང་དུ་ཏང་འཛུགས་རྒྱུའི་གནད་དོན་གྲོས་མོལ་བྱས་ནས་ཀྲུང་གོའི་གུང་ཁྲན་ཏང་འཛུགས་རྒྱུར་སྐུལ་སྤེལ་བྱས་པ་རེད། 1921ལོའི་སྤྱི་ཟླ6པར་འཛམ་གླིང་ཡོངས་ཀྱི་གུང་ཁྲན་ཏང་གི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མར་ལིན་ལ་སོགས་པ་ཧྲང་ཧའེ་ལ་མངགས་པ་རེད། ཁོ་ཚོས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚོག་རྒྱུའི་གྲོས་མགོ་བཏོན་ནས་ཀྲུང་གོ་གུང་ཁྲན་ཏང་དངོས་སུ་དབུ་བརྙེས་པ་རེད།།

( ཡེ་ཤེས་མགོན་པོས་བསྒྱུར།)


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཚོགས་ཆུང་ཁྲིད་ནས་ཀྲེ་ཅང་དུ་ཕེབས་ཏེ་ཤར་ནུབ་རྒྱུད་ཀྱི་ཁ་གཏད་རོགས་སྐྱོར་གྱི་སྦྲེལ་མཐུད་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:རིན་ཐང་སྒོར1070500རི་བའི་གནོད་སྐྱོབ་དངོས་ཟོག་དང་པོ་རྨ་སྟོད་དུ་འབྱོར།
  • དོ་སྣང་ཆེ་བའི་རྩོམ།