ཧྲེན་དབྱང་གིས་ཚོགས་ཆུང་ཁྲིད་ནས་ཀྲེ་ཅང་དུ་ཕེབས་ཏེ་ཤར་ནུབ་རྒྱུད་ཀྱི་ཁ་གཏད་རོགས་སྐྱོར་གྱི་སྦྲེལ་མཐུད་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

        2021-05-26

འབྲེལ་འདྲིས་ཀྱི་ནང་དོན་རྒྱ་སྐྱེད་བཏང་ནས་རོགས་ལས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་སྟེ་ཤར་ནུབ་རྒྱུད་བར་ཁ་གཏད་རོགས་སྐྱོར་དང་ཐུན་མོང་དུ་ཕྱུག་པོར་ཆགས་པའི་དཔེ་མཚོན་འཛུགས་སྐྱོང་བྱ་རོགས་བྱ་དགོས་ཞེས་གསུངས།

སྤྱི་ཟླ5ཚེས20ནས་ཚེས22ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་ཆུང་ཁྲིད་དེ་ཀྲི་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དང་། ཅིན་ཧྭ་གྲོང་ཁྱེར། ཐའེ་ཀྲོའུ་གྲོང་ཁྱེར་བཅས་སུ་ཕེབས་ཏེ་རྟོག་ཞིབ་དང་སློབ་སྦྱོང་བྱས་མཐར། ཤར་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྦྲེལ་མཐུད་བྱས་ནས་མཉམ་ལས་བྱེད་ཐབས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ཅང་ཡུང་དང་། ཅིན་ཧྭ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲེན་ལུང་། ཐའེ་ཀྲོའུ་གྲོང་ཁྱེར་ཨུའི་ཧྲུའུ་ཅི་ལི་ཡུའེ་ཆི་བཅས་འབྲེལ་ཡོད་ཚོགས་འདུ་དང་བྱེད་སྒོར་ཞུགས་ཡོད་པ་རེད།

ཀྲོའུ་ཅང་ཡུང་དང་ཁྲེན་ལུང་། ལི་ཡུའེ་ཆི་བཅས་ཀྱིས་ཧང་ཀྲོའུ་དང་། ཅིན་ཧྭ། ཐའེ་ཀྲོའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་མཛད་ནས་ཧྲེན་དབྱང་ལྷན་ཕེབས་དང་བཅས་པར་དགའ་བསུ་ཞུས་པ་རེད།ཁོང་ཚོས་ཀྲུང་དབྱང་གིས་རེས་གསར་པའི་ཤར་ནུབ་རྒྱུད་ཀྱི་རོགས་ལས་བཀོད་སྒྲིག་བྱས་ནས“རི་ཀླུང་དང་མཚོ་རྒྱུད”མཉམ་ལས་སྤེལ་རེས་ཟབ་ཏུ་གཏང་རྒྱུའི་ལེའུ་གསར་པ་བརྩམས་ཡོད། ཤར་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་བྱས་ནས་མཐའ་གཏུག་ཐུན་མོང་ཐོག་ཕྱུག་པོར་ཆགས་རོགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བསྒྲུབས་པ། གནས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་ཕྱོགས་ཀུན་དང་རིམ་པ་མང་བའི་ལས་ཀའི་མ་ལག་བཙུགས་དགོས། ངལ་རྩོལ་མཉམ་ལས་བྱེད་པ་སོགས་གནད་འགག་ཐུག་སའི་ཁྱབ་ཁོངས་སུ་ནུས་ཤུགས་བཏོན་ཏེ། འབྲེལ་མཐུད་གནད་སྨིན་དང་དངོས་སྒྲུབ་མཉམ་ལས། ལས་ཕྱོད་མཐོ་བའི་མ་དངུལ་གཏོང་འཇོག་བཅས་ལ་བརྟེན་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དཀར་མཛེས་ཁུལ་གྱི་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག དཀར་མཛེས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་སེམས་གཅིག་དང་འབད་འབུངས་ཡར་བརྩོན་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྣམ་པ་ཡག་མོ་མངོན་བཞིན་ཡོད་ཅེས་གསུངས་པ་རེད། ད་ལྟར་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་སྐབས། རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་མཐའ་གཅིག་ཏུ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚུགས་གནས་ལ་གཞིགས་ཏེ་ཁ་གཏད་རོགས་སྐྱོར་གྱི་ནུས་པ་གང་ལེགས་ལ་བརྟེན་ནས་ནང་ལོགས་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་འཕེལ་རྒྱས་གསར་གཏོད་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་ཁྱད་ཆོས་ལྡན་པའི་འབྲོག་ལས་འཕེལ་རྒྱས་སོགས་ཀྱི་ཐད་སྤོབས་པ་ཆེན་པོས་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། ཀྲེ་ཅང་ཞིང་ཆེན་དང་དེ་བཞིན་གྲོང་ཁྱེར་ཁག་གི་ལས་དོན་དང་སྦྲེལ་མཐུད་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་རྒྱག་རྒྱུ་ཡིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་ཡུལ་གྲོང་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་གཙོ་གནད་ཐོག་ཇུས་འགོད་བྱེད་པ་དང་། ཕན་ཚུན་འབྲེལ་འདྲིས་ཀྱི་ནང་དོན་རྒྱ་སྐྱེད་གཏོང་ཞིང་། མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱག་རྒྱུ། ཁ་གཏད་རོགས་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར། ཐུན་མོང་དུ་ཕྱུག་པོར་ཆགས་པ་བཅས་ཀྱི་མིག་དཔེ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)



  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་སྒོ་བྱང་བཀལ།
  • ལེ་ཚན་རྗེས་མ།: ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ འབྱུང་རྐྱེན་དེད་ཁུངས།
  • དོ་སྣང་ཆེ་བའི་རྩོམ།