གཡག་མདོ་མྱུར་ལམ་ནས་རླངས་འཁོར་ཤར་གཏོང་བྱས་ཚུལ།

ཡེ་མགོན་གྱིས་བསྒྱུར།        2021-06-23

     གཡག་མདོ་མྱུར་ལམ་ནས་རླངས་འཁོར་ཤར་གཏོང་བྱས་ཚུལ།

   2018ལོའི་སྤྱི་ཟླ12པའི་ཚེས31ཉིན།གཡག་རྔ་ནས་དར་མདོའི་བར་གྱི་མགྱོགས་འགྲོ་གཞུང་ལམ་འདི་ཟླ་བ9སྔ་སྣུར་དུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བས་མ་ཚད་ཚོད་ལྟའི་ལས་གཉེར་བྱས་པར་བརྟེན།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་དར་མདོ་གྲོང་ཁྱེར་ལ་མགྱོགས་འགྲོ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། 

    གཡག་རྔ་ནས་དར་མདོའི་བར་གྱི་མགྱོགས་འགྲོ་གཞུང་ལམ་ནི་རྒྱལ་ཁབ་ཀྱི་མགྱོགས་འགྲོ་གཞུང་ལམ་དྲ་བའི་གཡག་རྔ་ནས་ཞིན་ཅང་ཡའེ་ཁྲེང་ལ་སྦྲེལ་མཐུད་བྱས་པའི(G4218)གཞུང་ལམ་གྱི་དུམ་བུ་ཞིག་ཡིན་ཞིང་། ཤར་གཡག་རྔ་གྲོང་ཁྱེར་ཏུའེ་ཡན་གྲོང་རྡལ་ནས་མགོ་བཙུགས་ཏེ་འགག་སྨད་རྫོང་དང་ལྕགས་ཟམ་རྫོང་ཁོངས་བརྒྱུད་ནས་ནུབ་ཏུ་དར་མདོ་གྲོང་ཁྱེར་གྱི་མདོ་གྲོང་གྲོང་རྡལ་དུ་སླེབས་པ་རེད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར230བཏང་བའི་གཞུང་ལམ་འདིའི་རིང་ཚད་སྤྱི་ལེ135ཡོད་ཅིང་། 2012ལོའི་སྤྱི་ཟླ11པར་འཛུགས་སྐྲུན་བྱེད་མགོ་བཙུགས་པ་རེད།  

    གཡག་རྔ་ནས་དར་མདོའི་བར་གྱི་མགྱོགས་འགྲོ་གཞུང་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པ་ནི༼  མཆོང་བརྒལ་གཉིས ༽མངོན་འགྱུར་བྱུང་ཡོད་པ་སྟེ། སི་ཁྲོན་གྱི་མགྱོགས་འགྲོ་གཞུང་ལམ་ཀླུང་ཐང་ནས་མཐོ་སྒང་དུ་མཆོང་བརྒལ་བྱས་པ་དང་། སི་ཁྲོན་གྱི་མགྱོགས་འགྲོ་གཞུང་ལམ་བསྐྲུན་པའི་འཇོན་ནུས་མཆོང་བརྒལ་བྱས་པ་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མགྱོགས་འགྲོ་གཞུང་ལམ་དང་པོ་འདི་ཤར་གཏོང་བྱས་མཐར། ཀྱག་ཀྱོག་ཏུ་བརྒྱུད་པའི་རྒྱལ་སྲུང་གཞུང་ལམ་ལ་བསྡུར་ན་སྔོན་ཆད་ཁྲེང་ཏུའུ་ནས་དར་མདོའི་བར་རླངས་འཁོར་བཏང་ནས་ཆུ་ཚོད7འགྲོ་དགོས་པ་འདི། དེང་སང་ཆུ་ཚོད3ལས་མི་འགོར་བ་དང་ཉིན་རེར་རླངས་འཁོར་ཐེངས་གྲངས23000ལྷག་ལ་ཟིན་པ་རེད། གཞུང་ལམ་འདིས་མི་རབས་ཁ་ཤས་གཅིག་གི་ཟུངས་ཁྲག་དང་ལང་ཚོ་རྒྱུད་འཛིན་བྱས་ཏེ་ཁྲོན་བོད་ས་ཁུལ་ནས་འཛམ་གླིང་དར་རྒྱས་གཏོང་བའི་རང་བྱུང་སྲུང་ཡོལ་ཕྱོགས་སུ་བསྲིངས་པར་བརྟེན། ས་གནས་དེ་ག་དབུལ་ཐར་ཕྱུག་པོར་ཆགས་པའི་བདེ་སྐྱིད་ཀྱི་གཞུང་ལམ་ཡིན་ལ། ༼ གཞུང་ལམ་གཉིས་ཀྱི་སྙིང་སྟོབས ༽དུས་རབས་གསར་པར་རྒྱུན་སྲིང་བྱས་པ་ནི་དེ་བས་ཀྱང་ཡིན་པ་རེད།།




  • ལེ་ཚན་སྔོན་མ།:གངས་དཀར་རི་བོའི་གཏེར་ཆུ་དེ་མཚན་སྙན་རྒྱས་བཞིན་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།