ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་དྲ་ཚིགས་ཤར་གཏོང་བྱ་རྒྱུ་ཡིན་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2021-06-24

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གསར་འགྱུར་ལྟེ་གནས་ཟླ6པའི་ཚེས26ཉིན་ནས་བེད་སྤྱོད་བྱེད་མགོ་རྩོམ་རྒྱུ་རེད། གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས (www.100cpcnews.cn)དེ་ཟླ6པའི་ཚེས24ཉིན་གྱི་དུས་ཚོད་ཐིག་ལེ་ནས་ཤར་གཏོང་བྱེད་མགོ་ཚུགས་ཏེ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཞབས་ཕྱི་འདོན་སྤྲོད་བྱ་རྒྱུ་རེད།

    གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས་ལ་རྒྱ་ཡིག་པར་མ་དང་དབྱིན་ཡིག་པར་མ་གཉིས་ཡོད་ལ། དུས་ཐོག་ཏུ་རྟེན་འབྲེལ་བྱ་འགུལ་གྱི་གནས་ཚུལ་དང་གསར་འགྱུར་ལྟེ་གནས་ཀྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ། གསར་འགོད་པར་ལྟ་སྐོར་དང་བཅར་འདྲི་བཀོད་སྒྲིག་བྱེད་པ་སོགས་ཀྱི་བརྡ་ཐོ་སྤྱི་བསྒྲགས་བྱ་རྒྱུ་རེད། དྲ་ཚིགས་སྟེང“གསར་འགོད་པའི་འདུ་ར”ཞེས་པའི་ལེ་ཚན་བཀོད་སྒྲིག་བྱས་ཏེ་ཐོ་འགོད་བྱས་ཟིན་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཆ་འཕྲིན་ཞབས་ཕྱི་འདོན་སྤྲོད་བྱ་རྒྱུ་ལས་གཞན་གསར་འགྱུར་ལྟེ་གནས་ཀྱི་སྨྱན་བྱད་གསར་བའི་སྟེགས་བུ་དག་ཀྱང་དུས་མཉམ་དུ་ཤར་གཏོང་བྱ་རྒྱུ་རེད། །

  • ལེ་ཚན་སྔོན་མ།:ཚོཊ་འདུ་འདིའི་ཐོག་ནས་རིག་གནས་ཤུལ་བཞག་གི་གསོན་ཤུཊ་ཤིག་མངོན།
  • ལེ་ཚན་རྗེས་མ།:བོད་ནས་རྙེད་པའི་བང་སོ་འདི2འོས་སྦྱོར་རྣམ་གྲངས་བཅུའི་ནང་ཚུད་འདུག
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10