ཐོབ་ཐང་ལག་འཁྱེར་བརྐུས་ནས་དངུལ་བྱང་སོགས་བཟོས་ན་ཁྲིམས་འགལ་ཡིན།

    མི་དམངས་དྲ་བ།    2021-06-25

    ཆེས་མཐོའི་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་ཡིས་ཚེས་22ཉིན་མཉམ་འབྲེལ་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བཏང་བའི་ཉེས་དོན་གྱོད་གཞི་སྒྲུབ་པར་སྤྱད་འཐུས་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་ཐད་ཀྱི་བསམ་འཆར་(གཉིས།)སྤེལ་ཡོད། དེའི་ནང་ཁྲིམས་འགལ་ངང་ལེན་པ་དང་། འཚོང་བ། སྤེལ་བའི་ཆ་འཕྲིན་མཁོ་འདོན་དང་། སྐབས་འཕྲལ་འཕྲིན་སྐྱེལ། གཏོང་སྤྲོད་བསྡོམས་རྩིས་སོགས་ཀྱི་ནུས་པ་ལྡན་པའི་དྲ་སྦྲེལ་རྩིས་ཨང་གི་གསང་བའི་ཨང་རྟགས་དང་། མི་སྒེར་གྱི་སྐྱེ་དངོས་དབྱེ་འབྱེད་ཆ་འཕྲིན་ཁྲིམས་འགལ་ངང་རག་ཐབས་དང་། ཕྱིར་འཚོང་། མཁོ་འདོན་བཅས་བྱས་པ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ང་གསུམ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་དང་མཐུན་པས། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་ཉེས་གསོག་གི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་ཡོད།
   དྲ་ཐོག་ནས་ལག་ཁྱེར་ཁ་པར་གྱི་བྱང་བུ་དང་། ཡིད་རྟོན་བྱང་བུ། དངུལ་ཁང་གི་རྩིས་ཐོ། དངུལ་ཁང་མིན་པའི་གཏོང་སྤྲོད་རྩིས་ཐོ་གི་རྩིས་ཐོ་བཅས་ཐོ་འགོད་བྱེད་སྐབས་དྲ་ཐོག་ནས་ངོས་འཛིན་ར་སྤྲོད་ཆེད་མི་གཞན་གྱི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་སྤྱོད་པ་དང་། མི་གཞན་གྱི་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་བརྗེ་ན། དེ་ནི་ཐོབ་ཐང་ལག་ཁྱེར་རྫུན་བཟོ་བྱས་པའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་ཤིང་། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་བརྒྱད་ཅུ་པའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་དང་མཐུན་ཞིང་། ཐོབ་ཐང་ལག་ཁྱེར་རྫུན་བཟོ་བྱས་པའི་ཉེས་པ་བསགས་པར་བརྩིས་ནས་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད། 
   རྫུན་བཟོ་དང་སྒྱུར་བཟོ་བྱས་པའི་ཐོབ་ཐང་ལག་ཁྱེར་བེད་སྤྱོད་བྱས་པའམ་ཡང་ན་མི་གཞན་གྱི་ཐོབ་ཐང་ལག་ཁྱེར་རྐུ་སྤྱོད་བྱས་ནས་ལག་འཁྱེར་ཁ་པར་གྱི་བྱང་བུ་དང་། ཡིད་རྟོན་བྱང་བུ། དངུལ་ཁང་གི་རྩིས་ཐོ། དངུལ་ཁང་མིན་པའི་གཏོང་སྤྲོད་ཐོ་ཁོངས་བཅས་གཉེར་བ་ནི་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་བརྒྱད་ཅུ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་དང་མཐུན་པས། ཐོབ་ཐང་ལག་ཁྱེར་རྫུན་མ་བེད་སྤྱོད་དང་ཐོབ་ཐང་ལག་ཁྱེར་རྐུ་སྤྱོད་བྱས་པའི་བྱས་ཉེས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

  • ལེ་ཚན་སྔོན་མ།:རླངས་འཁོར་དུ་དངོས་པོ་འདི་དག་བཞག་ན་རླངས་འཁོར་འབར་སྲིད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།