འཁྲུངས་སྐར་བསུ།

བསྟན་འཛིན་རབ་དགའ།        2021-06-30

དགུང་མེ་ཟླུམ་འོད་ཟེར་སྟོང་ལྡན་མ༵།།

མ༵་གསེར་ལྡན་དགའ་མར་ཤར་བས་མཛེས༵།།

མཛེས༵་བུ་ཕྲུག་སྟོང་གི་སྣེ་ཁྲིད་ཏང༵་།།

ཏང༵་མ་ཡུམ་མཆོག་གི་སྐྱེས་སྐར་བསུ།།

དྲིན་བསམ་ཞིང་དད་པའི་མེ་ཏོག་བཞད།།

དྲིན་བསམ་ཞིང་བསྟོད་པའི་གླུ་དབྱངས་གྱེར།།

དྲིན་ཆེ་སོང་བདག་གི་རླབས་ཆེན་ཏང་།།

དྲིན་བྱམས་ཀྱིས་བསྐྱངས་པས་ཆེས་བསྟོད་དོ།།

ང་ཐོག་མར་བྱིས་པ་ཡིན་དུས་སུ།།

རང་རིག་གཞུང་སློབ་པའི་སྐལ་བཟང་དང་།།

མཐུན་ཆ་རྐྱེན་ལེགས་པའི་སློབ་ཁང་ཉིད།།

ཏང་བཀའ་དྲིན་ཅན་པོས་གནང་བ་ཡིན།།

ནད་ལྕི་མོས་མནར་བའི་རྒན་པོ་དང་།།

དྲིན་ཕ་དང་བྲལ་བའི་དྭ་ཕྲུག་ལ།།

ངེད་མགོན་སྐྱབས་སྒྲོན་མེ་ཏང་ཉིད་ཀྱིས།།

སླར་འཚོ་བའི་ཁྱིམ་གཞིས་གསར་པ་བསྐྲུན།།

ཆེས་བཟོད་པར་དཀའ་བའི་དཀའ་ཚེགས་ཁྲོད།།

ཁྱེད་མི་གཡོ་རི་རྒྱལ་ལྷུན་པོ་བཞིན།།

དུས་འགྲན་རྩོད་དྲག་པོའི་ཀློང་ཆེན་ན།།

ཁྱེད་མི་འཇིགས་གདོང་ལྔའི་ངར་སྒྲ་སྒྲོག།

རླབས་ཆེ་བའི་བྱ་གཞག་ཡོད་ཚད་ཀུན།།

བརྟན་མི་འགྱུར་རྡོ་ལ་བརྐོས་ནས་ཡོད།།

རང་རྒྱལ་ཁབ་འདི་ཡི་སྲོག་ཤིང་ཏང་།།

སེམས་གཏིང་ནས་བདུན་གཅིག་འཁྲུངས་སྐར་བསུ།།

ལོ་རིམ་གསུམ་པའི་འཛིན་གྲྭ་དྲུག་པ།



  • ལེ་ཚན་སྔོན་མ།:གུང་ཁྲན་ཏང་ལ་བསྔགས་པའི་གླུ་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།