ལོ་བརྒྱའི་གོམ་ཁ།

ལོ་ཤུལ་བཀྲ་ནོར།        2021-07-02

དགུང་ལོ་བརྒྱ་ཡི་རྔུལ་ཆུ་ལས།།

ཏང་ལ་རྫོགས་ལྡན་དཔལ་གྱིས་ཕྱུག།།

བཀའ་ཁྲིམས་དབྱར་གྱི་སྤང་ལྗོངས་སུ།།

སྲིད་འབྱོར་རིག་པའི་མེ་ཏོག་འཁྲུངས།།

སྲིད་བཟང་ངག་གི་མགྲིན་དབྱངས་ལས།།

དམངས་བརྩེ་ཁྲིམས་ཀྱི་འབྲུག་སྒྲ་ལྡིར།།

ལོ་ངོ་བརྒྱ་ཡི་གོམ་ཁ་ལ།།

འཕེལ་རྒྱས་སྟོང་གི་འདེགས་འཇོག་མཐོ།།

མདུན་སྐྱོད་གཙང་བོའི་ཆུ་རིས་བཞིན།།

དགུང་གྲངས་བརྒྱ་ཡི་གཉེར་རིས་སུ།།

ཡར་རྒྱས་རྩ་བ་བརྟན་པོར་ཚུགས།།

སྐལ་བཟང་ཡར་འགྲོའི་རྟེན་འབྲེལ་ཞུ།།

  • ལེ་ཚན་སྔོན་མ།:ལོ་བརྒྱའི་འོད་སྣང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།