ཏང་གི་ལོ་རྒྱུས་སྦྱོང་། ཏང་གི་བཀའ་དྲིན་བསྟོད། ཏང་གི་རྗེས་སུ་འབྲང་།

​ཀུན་དགས་བསྒྱུར།        2021-07-07

དཔལ་ཡུལ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ གཞོན་ནུའི་འཆད་ཁྲིད་བྱེད་སྒོ་སྤེལ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། དཔལ་ཡུལ་རྫོང་གི་གཞོན་ནུ་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུའི་ལྕག་སྐུལ་དང་ཁྲིད་སྟོན་བྱ་ཆེད། ཉེ་ཆར།དཔལ་ཡུལ་རྫོང་གིས་ལོ་བརྒྱའི་ལམ་དུ་འབད་འཐབ་བྱེད།རྒྱང་སྐྱོད་ལམ་གསར་བགྲོད་མགོ་ཚུགས་ཞེས་པའི་གཙོ་དོན་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གཞོན་ནུའི་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ་ཞིང་། རྫོང་སློབ་འབྲིང་དང་རྫོང་མཁར་ཆ་ཚང་སློབ་ཆུང་དང་པོ། ཆ་ཚང་སློབ་ཆུང་གཉིས་པ།ཆ་ཚང་སློབ་ཆུང་གསུམ་པ་བཅས་ཀྱི་དགེ་སློབ་འཐུས་མི་ཁྱོན360ལྷག་ཙམ་སྒྲོག་འགྲེལ་བྱེད་སྒོར་ཞུགས་ཡོད།

སི་ཁྲོན་ཞིང་ཆེན་ཡུལ་སྐོར་སློབ་གླིང་གི་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཀྲང་ཐུང་ཧུའེ་ཡིས“ལོ་བརྒྱའི་ཀྲུང་གོའི་ལོ་རྒྱུས་ཀྱི་གསང་ཨང་འཚོལ་ཞིབ”དང“ལོ་རྒྱུས་ཤེས་ན་གཞི་ནས་ཐོག་མའི་བསམ་འདུན་རྟོགས་ཐུབ།”“རྒྱལ་ཁབ་ཅིག་རྩ་མེད་དུ་གཏང་འདོད་ན་ཐོག་མར་དེའི་ལོ་རྒྱུས་རྩ་མེད་དུ་གཏང་དགོས།”“ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་བཟུང་ན། དར་རྒུད་ཀྱི་བརྒྱུད་རིམ་ཤེས་ཤིང་རྗེས་རབས་པར་སྐུལ་མ་ཐེབས་ནུས”ཅེས་ཕྱོགས་བཞིའི་ཐད་ནས་ལོ་ཆུང་རྣམས་ཀྱིས་ཅིའི་ཕྱིར་ཏང་གི་ལོ་རྒྱུས་སྦྱང་དགོས་པའི་དགོས་པ་གླེང་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱིས་ཁྲག་དང་རྔུལ་ཆུ།མིག་ཆུ།སྙིང་སྟོབས།ཤེས་རབ།སྟོབས་ཤུགས་བཅས་ལ་བརྟེན་ནས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པའི་ལོ་རྒྱུས་དང་ལོ་ངོ་བརྒྱ་ཕྲག་རིང་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཡོད་ཚུལ་བཤད་པ་རེད། སློབ་ཁྲིད་ཀྱི་དོན་སྙིང་ཟབ་ཅིང་གོ་སླ་བ།གཞུང་ལུགས་ཀྱི་རང་བཞིན་ལྡན་པའི་ཁར་གོ་བདེ་ཤེས་སླ་ཡང་ཡིན་པས།གཞོན་ནུ་ལོ་ཆུང་གིས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་།གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱེད་པར་གསོན་ཉམས་ལྡན་པའི་སློབ་ཚན་ཞིག་ཁྲིད་ཡོད།

རྫོང་དེའི་རྫོང་ཨུའི་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བས་དགེ་རྒན་ཀྲང་ཐུང་ཧུའེ་ཡིས་གསོན་ཉམས་དོད་པའི་འགྲེལ་བཤད་བརྒྱབ་པར་བརྟེན་ནས་ཚང་མས་ཀྲུང་གོ་གུང་ཁྲན་ཏང་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་རང་རེའི་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སློབ་གྲྭར་སྤེལ་བའི་དོན་སྙིང་གལ་ཆེན་རྟོགས་ཡོད། གཞོན་ནུ་སློབ་མ་ཚོ་ནི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་།འགན་འཁྲི་ཁུར་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྨང་གཞི་བཏིང་པ་དང་།དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས། རྗེས་མའི་ལས་དོན་ཁྲོད་འབྲེལ་ཡོད་ཚན་པ་དང་སློབ་གྲྭ་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་ཆེ་རུ་གཏོང་བ་དང་གཙོ་དོན་སྒྲོག་འགྲེལ་དམ་འཛིན་ཏན་ཏིག་བྱས་ཏེ་རྒྱ་ཆེ་བའི་གཞོན་ནུ་ལོ་ཆུང་གིས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན།ཕ་ཡུལ་ལ་དགའ་ཞེན་བཅས་ཀྱི་བསམ་བློའི་འདུ་ཤེས་བརྟན་པོ་འཆང་བ་དང་།སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་སྐྱེད་སྲིང་བྱེད་པ།ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་རྒྱུན་འཛིན་བཅས་བྱ་དགོས་ཞེས་བཤད།

དེ་རྗེས་དཔལ་ཡུལ་རྫོང་གིས་ཏང་གི་བཀའ་དྲིན་ཚོར་བ་དང་།མེས་རྒྱལ་ལ་དགའ་ཞེན།ཁྲིམས་ལུགས་སྲུང་བ།དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པ། ལོ་རྒྱུས་སློབ་སྦྱོང་དང་ལོ་རྒྱུས་ཤེས་རྟོགས།ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བཅས་པའི་གཙོ་དོན་སྒྲོག་འགྲེལ་བྱེད་སྒོ་སློབ་གྲྭར་སྤེལ་ཡོད། བྱེད་སྒོའི་ནང་ལས་བྱེད་པ་རྒན་གྲས་ཀྱི་སྒྲོག་འགྲེལ་པ་དང་རྫོང་སློབ་འབྲིང་གི་སྒྲོག་འགྲེལ་པ་ཆུང་ཆུང་། རྫོང་སློབ་འབྲིང་གི་དགེ་རྒན་ཚོས“ལོ་བརྒྱའི་ལོ་རྒྱུས་སློབ་སྦྱོང་དང་འབད་འབུངས་སྟོབས་ཤུགས་བསྡུ་ལེན་བྱེད་པར”དམིགས་ནས་སྒྲོག་འགྲེལ་བྱས་ཡོད། མི་སེམས་འགུལ་བ་དང་སེམས་གཏིང་དུ་ཟུག་པའི་གསར་བརྗེའི་གཏམ་རྒྱུད་བརྗོད་པ་སོགས་བརྒྱུད་མཐར་གཞོན་ནུ་ལོ་ཆུང་ཚོས་གུང་ཁྲན་ཏང་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་དང་དེང་སྐབས་ཀྱི་བདེ་སྐྱིད་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པའི་མྱོང་ཚོར་ཐུབ་ཡོད་པས་མ་ཚད་གཞོན་ནུ་ལོ་ཆུང་ཚོས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱས་ཡོད། ཚང་མས་ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ལས་རང་ཉིད་ཀྱིས་ཏང་གི་ལོ་རྒྱུས་ལ་ངོས་འཛིན་དང་བསམ་ཤེས་བྱེད་ཚད་ཟབ་ཏུ་ཕྱིན་ནས་གཞོན་ནུའི་མི་རབས་ཤིག་ཡིན་པའི་ངོས་ནས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་།སློབ་སྦྱོང་ལ་འབད་བརྩོན་བྱེད་པ།དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་བ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ཏང་དྲིན་ཚོར་བའི་བསྟོད་གླུ་ཕུལ།། མི་རིགས་མཐུན་སྒྲིལ་གླུ་དབྱངས་བླངས།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།