སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་གསེར་ཐར་ལ་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-07-12

སྤྱི་ཟླ7ཚེས5ཉིན་གསེར་ཐར་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཤིང་། ཁུལ་ཨུའི་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཧོ་པིའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། རྫོང་ཡོངས་སུ་ཚ་ཚ་འུར་འུར་ངང་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱ་དགོས། ཤེས་སྤྱོད་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་གསེར་ཐར་རྫོང་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏང་དགོས།

ཧོ་པིའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་ཡར་བརྩོན་གྱི་བློ་སྟོབས་དང་སྙིང་རུས་རྒྱུན་འཁྱོངས་བྱས་ཏེ། གནམ་ས་བླ་འོག་ཏུ་བསྒྱུར་བའི་བློ་སྟོབས་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་ལེའུ་གསར་པ་བརྩམ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་སྲིད་སྐྱོང་མཁན་ཡིན་པས། སྲིད་དབང་འཕྲོག་ལེན་དང་བརྟན་སྲུང་བྱེད་པ་ནི་མི་དམངས་ཀྱི་སེམས་པ་སྲུང་བ་ཡིན”ཞེས་པའི་སློབ་སྟོན་ནན་ཏན་གནང་བ་ཡིད་ལ་བརྟན་པོར་ངེས་དགོས། དམངས་སེམས་ནི་ཆབ་སྲིད་ཨང་དང་པོ་ཡིན་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ལས་དོན་གྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་ཐམས་ཅད་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་ཐུབ་པ་བྱས་ནས་བརྟན་བརླིང་སྲུང་འཛིན་དང་། དམངས་སེམས་དང་བསྟུན་པ། འཕེལ་རྒྱས་གཉེར་བ། དམངས་སེམས་གཅིག་ཏུ་བསྒྲིལ་བ། དམངས་འཚོ་དོན་དུ་གཉེར་བ། དམངས་སེམས་གསོ་བ། མཐུན་སྒྲིལ་ལ་ཤུགས་རྒྱག་པ། དམངས་སེམས་སུ་འདྲེས་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ། དམངས་སེམས་ཐོབ་པ་བཅས་བྱ་དགོས་ཞེས་པའི་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།: གནའ་དེང་ཤེས་རབ་ཀྱི་གཟི་འོད་འབར་བའི་རིག་པའི་གླིང་།
  • ལེ་ཚན་རྗེས་མ།:ཏང་གིས་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཚོ་ཡོད།
  • དོ་སྣང་ཆེ་བའི་རྩོམ།