ཏང་གིས་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཚོ་ཡོད།

ལྷ་འཛོམས་ཀྱིས་བསྒྱུར།        2021-07-12

དར་མདོ་སློབ་འབྲིང་གིས“བདུན་གཅིག”གཙོ་དོན་བྱེད་སྒོ་སྤེལ།

ཏང་གིས་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཚོ་ཡོད།

སྤྱི་ཟླ7ཚེས6ཉིན་དར་མདོ་སློབ་འབྲིང་གུང་གཞོན་ཚོགས་པའི་ཨུ་ལྷན་གྱིས་ཏང་གིས་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཚོ་ཡོད་ཅེས་པའི“བདུན་གཅིག”གཙོ་དོན་གུང་གཞོན་ཚོགས་པའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་རྒྱལ་གླུའི་ཁྲོད་མགོ་ཚུགས་ཤིང་།“ཏང་གིས་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཚོ་ཡོད” ཅེས་པ་སྟེ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གུང་གཞོན་ཚོགས་པའི་ཚོགས་མི་དང་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་ཐུན་མོང་ཐོག་ཤིས་ཚིག་ཕུལ་ནས་ཏང་ལ་ལང་ཚོ་འབར་བའི་བསྔགས་བརྗོད་བྱས་པ་རེད། བྱེད་སྒོ་སྤེལ་རིང་སློབ་གྲྭའི་མཐོ་རིམ་སློབ་འབྲིང་དང་པོའི་ཕུལ་བྱུང་གུང་གཞོན་ཚོགས་པའི་འཐུས་མིས《ཏང་གིས་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཚོ་ཡོད》ཅེས་པའི་འབུལ་ཚིག་ཡང་བསྐྱར་གྱེར་འདོན་བྱས་ནས“ཕུགས་འདུན་མདུན་ཕྱོགས་སུ་ཡོད་པ་དང་འགྲོ་ལམ་རྐང་འོག་ཏུ་ཡོད་པས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད”ཀྱི་ཕུགས་འདུན་དོན་གཉེར་གྱི་སྙིང་སྟོབས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

བྱེད་སྒོ་སྤེལ་རིང་། སློབ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ལྷན་གྱི་ཧྲུའུ་ཅིས་གུང་གཞོན་ཚོགས་པའི་སི་ཁྲོན་ཞིང་ཨུ་དང་། སི་ཁྲོན་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། སི་ཁྲོན་ཞིང་ཆེན་སློབ་མའི་མཉམ་འབྲེལ་ལྷན་ཚོགས། སི་ཁྲོན་ཞིང་ཆེན་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་བཅས་ཀྱིས་སྤྱི་ཟླ7ཚེས5ཉིན་ཁྱབ་བསྒྲགས་བྱས་པའི《ཏང་གིས་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཚོ་ཡོད་ཅེས་སྐོར་གྱི་གྲོས་མགོའི་ཡི་གེ》སྒྲོག་སྦྱངས་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་ཆེད།《གྲོས་མགོའི་ཡི་གེའི》ནང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་གཞོན་ནུ་ལོ་ཆུང་དང་གྲོགས་པོ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་བྱས་ནས་གོ་བ་གཏིང་ཟབ་ལོན་པ་དང་། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར་སློབ་སྦྱོང་དང་འབད་འཐབ་བྱེད་པའི་སྒུལ་ཤུགས་དང་ངར་ཤུགས་ནམ་ཡང་མི་ཉམས་པར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཡིད་ཆེས་བརྟན་པོ་བཅངས་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས་ཞེས་པའི་གྲོས་མགོ་བཏོན་ཡོད།།


  • ལེ་ཚན་སྔོན་མ།:སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་གསེར་ཐར་ལ་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:དབུལ་ཐར་འབྱོར་གྲུབ་ཀྱི་ལམ་ཆེན་དུ་སྐྱོད་པའི་བདེ་སྐྱིད་ཀྱི་དུས་བཟང་།
  • དོ་སྣང་ཆེ་བའི་རྩོམ།