དབུལ་ཐར་འབྱོར་གྲུབ་ཀྱི་ལམ་ཆེན་དུ་སྐྱོད་པའི་བདེ་སྐྱིད་ཀྱི་དུས་བཟང་།

མིག་དམར་དོན་འགྲུབ་ཀྱིས་བྲིས།        2021-07-12

དབུལ་ཐར་འབྱོར་གྲུབ་ཀྱི་ལམ་ཆེན་དུ་སྐྱོད་པའི་བདེ་སྐྱིད་ཀྱི་དུས་བཟང་།

དབྱར་དུས་ཀྱི་རྒྱལ་མོ་རྔུལ་ཆུ་བྲུབ་པའི་དུས་ལ་སླེབས་ཤིང་། ཆུ་བོས་སྐད་ཅོར་རྒྱག་ཞོར་སྨད་རྒྱུད་ཕྱོགས་སུ་རྒྱུགས། “ངས་ཁྱེད་ལ་ལ་གླུ་ཞིག་བླངས། ཏང་གི་བཀའ་དྲིན་མཚོ་ལས་ཟབ། ད་ལྟའི་འཚོ་བ་ནི་ལྟོ་གོས་ལ་སེམས་ཁྲལ་མེད། ཁྱེད་ཀྱིས་ང་ཚོར་བདེ་སྐྱིད་སྟེར་པས་ཡིན། ”ཞེས་གཙང་འགྲམ་ནས་སྙན་འཇེབས་ལྡན་པའི་ལ་གླུ་ཞིག་གྲག། གཞས་མཁན་གྱི་མགོ་ལ་ལྗང་མདོག་གི་ཐོད་རས་དཀྲིས་ཤིང་། ལག་ཏུ་དུ་ར་རིང་པོ་བཟུང་། ངོ་ལ་འཛུམ་མདངས་འཕྱུང་བཞིན་ལ་གླུ་བླངས། སྐད་གདངས་གསལ་ཞིང་ཤུགས་དང་ལྡན་ལ། ཚིག་གི་འགྱུར་ཁུགས་དང་བསྟུན་ནས་གཏོང་གི་ཡོད། ཁོང་ལོ་ན་བདུན་ཅུ་ལ་སོན་ཡང་། ལུས་སྟོབས་སྔར་བཞིན་རབ་ཏུ་རྒྱས།

གཞས་གཏོང་མཁན་ནི་ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་མཚོ་གཉིས་གྲོང་ཚོའི་ལ་གླུ་རྒྱལ་པོ་ཝུའུ་ཆོན་ཆིང་རེད། ཁོང་ནི་ལ་གླུ་ལེན་པར་མཁས་ཤིང་དུངས་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། མི་རབས་དུ་མར་ལྕགས་ཟམ་རྫོང་ལ་གླུ་ལ་དགའ་པོ་བྱེད་མཁན་དང་རྒྱུད་འཛིན་བྱེད་མཁན་རེད། སྐབས་དེ་དུས་རྒྱལ་མོ་རྔུལ་ཆུའི་ཤར་ཕྱོགས་སུ་སྡོད་ཡོད་པའི་ཁོང་གི་ཨ་ཕས་ལ་གླུ་སྙན་མོ《མཛའ་གྲོགས་གཅེན་པོས་འཛུམ་དམུལ་དམུལ།》ཞེས་པ་དེ་བླངས་ནས་རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་སུ་སྡོད་པའི་ཨ་མ་དེ་ཁྱིམ་དུ་བསུས་པའི“ལ་གླུ་གཉེན་འབྲེལ”གྱི་གཏམ་རྒྱུད་དེ་ད་བར་ཡུལ་མི་ཚོས་དགའ་སྤྲོའི་ངང་བརྗོད་ཀྱིན་ཡོད། ཆུང་དུས་ནས་ལ་གླུ་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཝུའུ་ཆོན་ཆིང་གིས་ཕ་རྗེས་བུ་འཛིན་བྱས་ཏེ་ས་གནས་དེ་གར་སྐད་གྲགས་ཆོད་པའི་ལ་གླུ་གཏོང་མཁན་ཞིག་ཏུ་གྱུར། མེས་པོ་ཚོ་དང་བསྡུར་ན་ཝུའུ་ཆོན་ཆིང་ནི་ལ་གླུ་གཏོང་མཁན་ཞིག་ཡིན་པར་མ་ཟད་ད་དུང་ལ་གླུ་འཚོལ་བསྡུ་བྱེད་མཁན་དང་གསར་རྩོམ་བྱེད་མཁན་ཞིག་ཀྱང་རེད། ཁོང་གིས་ལྕགས་ཟམ་གྱི་ལ་གླུ1000ལྷག་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཡོད་ཅིང་ལ་གླུ50ལྷག་གསར་རྩོམ་བྱས། འཚོ་བ་ལ་བསྔགས་བརྗོད་དང་འཕེལ་རྒྱས་ཀྱི་ཟིན་བྲིས། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བཅས་ནི་ཝུའུ་ཆོན་ཆིང་གི་ལ་གླུ་གསར་རྩོམ་གྱི་བརྗོད་བྱ་གཙོ་བོ་ཡིན་ཞིང་། ཁོང་གིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཞིང་སྡེའི་འགྱུར་ལྡོག་དག་ཟིན་ཐོར་བཀོད་ནས་འཚོ་བའི་འགྱུར་ལྡོག་དེ་ན་གཞོན་ཚོར་བརྗོད་ཚེ་གཞི་ནས་བདེ་སྐྱིད་དེ་གང་ནས་ཐོབ་པ་དང་དྲིན་ལན་སུ་ལ་གཟོ་དགོས་པ་ཤེས་པའི་ལྟ་ཚུལ་ཞིག་འཛིན་གྱི་ཡོད།

གླུའི་མིང་།

《ལ་གླུ་བླངས་ནས་ཁྱེད་ལ་འབུལ།》

གླུ་ཚིག།

ཨ་མ་ཡི་ལ་གླུ་དེ།

ངས་སྔ་ནས་ད་བར་བླངས།

སེམས་ནང་གི་སྐུ་དྲིན་ཡོད་ཚད།

ནམ་ཡང་ཁྱེད་ལ་འབུལ།

རི་ངོས་ཀྱི་སྐལ་བཟང་མེ་ཏོག།

བཞད་སོང་ལོ་སེམས་པ་སྐྱིད།

ངས་བཀའ་དྲིན་ཞུ་བའི་སྐད་ཆ།

ཚང་མ་ཁྱེད་ལ་བཤད།

ངས་ལ་གླུ་ཞིག་བླངས་ནས་ཁྱེད་ལ་འབུལ།

ཏང་གི་བཀའ་དྲིན་མཚོ་ལས་ཟབ།

དེང་སང་གི་འཚོ་བ་ལྟོ་གོས་འཛོམས་པ་དེ།

ཁྱེད་ཀྱིས་ང་ཚོར་བདེ་སྐྱིད་སྐལ་

བཟང་གནང་བའི་དྲིན།

ངས་ལ་གླུ་ཞིག་བླངས་ནས་ཁྱེད་ལ་འབུལ།

རང་སེམས་སྐྱིད་རྩ་ཏང་གི་ཐུགས་ཁུར་ཡིན།

ཁྱེད་ཀྱིས་ང་ཚོ་ཁྲིད་ནས་དབུལ་ཐར་འབྱོར་ཕྱུག་ཡོང་བར་བྱས།

འབྱོར་འབྲིང་ལམ་དུ་ང་ཚོ་ཁྱེད་དང་

གཅིག་སེམས་གཅིག་གཏད་ཡིན།

གླུ་གཞས་བརྩམས་པའི་ལོ་རྒྱུས།

《ལ་གླུ་བླངས་ནས་ཁྱེད་ལ་འབུལ》ཞེས་པ་ནི་དཀར་མཛེས་ཁུལ་གྱིས་དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་གསར་གཏོད་རང་བཞིན་གྱི་སྤེལ་ནས“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་མངོན་འགྱུར་བྱེད་པར་འགན་ལེན་བྱས་པ་ཡིས་དཔྱད་གཞི་བྱས་ཤིང་། བོད་འབྲེལ་ས་ཁུལ་གྱི་ཞིང་འབྲོག་མི་དམངས་ཚོས་དེང་སང་ལྟོ་གོས་ཐད་སེམས་ཁྲལ་བྱེད་མི་དགོས་པའི་འཚོ་བ་ཟིན་ཐོ་བཀོད་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཁྲོད་དུ་མི་སེར་ཚོའི་དངོས་གནས་ཀྱི་ཐོབ་ཚོར་སྐྱིད་སྣང་གི་བསྟོད་གླུ་བླངས་པར་བརྟེན། དཀར་མཛེས་ཁུལ་གྱི་བུ་དང་བུ་མོས་དབུལ་ཐར་ལག་ལེན་ལ་ཁས་ལེན་དང་བསྔགས་བརྗོད་བྱས་པ་མཚོན་ལ། བོད་འབྲེལ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཏང་གི་ཉི་འོད་ཀྱིས་བསྐྱངས་པའི་འོག་ཏུ་བློ་སྟོབས་ཆེར་སྐྱེད་ཀྱིས་འབྱོར་འབྲིང་གི་རྒྱང་སྐྱོད་གསར་པའི་ཐོག་སྐྱོད་པའི་ཕུགས་འདུན་ཆེ་ཞིང་སྤོབས་ཉམས་རྒྱས་པ་དང་དུས་རབས་གསར་པའི་བདེ་སྐྱིད་འཚོ་བར་འཆང་བའི་འབྱུང་འགྱུར་གྱི་སྨོན་འདུན་ཡང་མཚོན་པ་རེད།

རྩོམ་པ་པོ་དང་གླུ་འདི་ཐོག་མར་ལེན་མཁན་གྱི་ལོ་རྒྱུས།

《ལ་གླུ་བླངས་ནས་ཁྱེད་ལ་འབུལ》ཞེས་པ་འདི་ནི་ཁྲེང་ཏའོ་པིང་གིས་གླུ་ཚིག་བརྩམས། ཝང་ཀྲེ་ཡིས་གཞས་གདངས་བརྩམས་པ་རེད། 2017ལོར་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་པུའུ་ཡི་གླུ་གར་ཚོགས་པའི་རྐྱང་གཞས་གཏོང་མཁན། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཀྲུང་ལིན་ཡོན་གྱིས་འཁྲབ་ལེན་བྱས་པ་རེད།

ཁྲེང་ཏའོ་པིང་མཚོ་དམག་ཆབ་སྲིད་པུའུ་ཡི་རིག་རྩལ་ཚོགས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ་དང་ཀྲུང་གོའི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་རེད། བརྩམས་ཆོས་གཙོ་བོ། གླུ་གཞས་སྐོར《ཤར་ཕྱོགས་ཀྱི་ཁྱིམ་གཞིས》《མེས་རྒྱལ་རྒྱང་སྐྱོད་ཆེད་དུ》《འབྱོར་འབྲིང་ལམ་དུ་སྐྱོད》ལ་སོགས་པ་དང་། གླུ་གར་སྙན་ངག《དཔའ་བོའི་ཆུར་འཛུལ་དམག་གྲུ》དང་གླུ་གཞས་ཟློས་གར《བུད་མེད་དམག་དཔུང་དམར་པོ》ལ་སོགས་པ། རོལ་དབྱང་སྐོར《ལྷའི་ཕ་ཉ》ལ་སོགས་པ་ཡོད་པ་རེད།

ཝང་ཀྲེ། མཚོ་དམག་ཆབ་སྲིད་པུའུ་ཡི་གཞོན་ནུ་གསར་རྩོམ་པ་ཡིན་ཞིང་། བརྩམས་ཆོས་གཙོ་བོ་སྟེ། གླུ་དབྱངས་སྐོར《ང་གྲུ་གཟིངས་ཀྱི་གཅལ་ནས་འཕུར》《ཉིན་དེ་ལ》《མཚོ་ཐོག་ལ་ཟླ་གསལ་ཤར》《མཛའ་བརྩེའི་ཏང་།ཁྱེད་ཡོད་པས་ན 》ལ་སོགས་པ་དང་། ཟློས་གར་གྱི་རོལ་དབྱངས《ངས་ཁྱོད་སྒུག་ཡོད》དང་གློག་བརྙན་གྱི་རོལ་དབྱངས《སེམས་མདུད》ལ་སོགས་པ་ཡོད་པ་རེད། བརྩམས་ཆོས་ལ་རྒྱལ་ཁབ་དང་དམག་དཔུང་གི་གསར་རྩོམ་བྱ་དགའ་ཐེངས་མང་པོར་ཐོབ་ཡོད་པ་རེད།

ཀྲུང་ལིན་ཡོན། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་པུའུ་ཡི་གླུ་གར་ཚོགས་པའི་རྐྱང་གཞས་གཏོང་མཁན། རྒྱལ་ཁབ་ཀྱི་རིམ་པ་དང་པོ། སྒྲ་དབྱངས་གསལ་ཞིང་སྙན་ཉམས་ཡོད་པ་རེད། 2006ལོ་དང2008ལོ། 2010ལོ་བཅས་བསྟུད་མར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཉེར་བའི་རྒྱལ་ཡོངས་གཞོན་ནུ་གླུ་པའི་འགྲན་སྡུར་ཆེན་པོ་སྐབས་གསུམ་པའི་གདངས་མཛེས་ལེན་སྟངས་ཚོགས་ཆུང་ལས་ཚན་རྐྱང་བུད་མེད་གདངས་འབྲིང་གི་བྱ་དགའ་ཨང་དང་པོ་རག་པ་རེད། 2007ལོར་རིག་གནས་པུའུ་ཡི་གདངས་དབྱངས་རྩེ་སོན་བྱ་དགའི་འགྲན་བསྡུར་སྐབས་དྲུག་པའི་ནང་གདངས་མཛེས་ལེན་སྟངས་ཀྱི་བྱ་དགའ་ཨང་གཉིས་པ་རག་པ་རེད། 2014ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས"བུད་མེད་གདངས་འབྲིང་ངོ་མཚར་ཆེ་བ་བཅུའི"གླུ་མར་བདམས་པས་མ་ཚད། ཐེངས་མང་པོར་རྒྱལ་ཁབ་དང་དམག་དཔུང་གི་གལ་ཆེའི་འཁྲབ་སྟོན་བྱེད་སྒོའི་ནང་ཞུགས་མྱོང་བ་རེད།།

དབུལ་ཐར་འབྱོར་གྲུབ་ཀྱི་ལམ་ཆེན་དུ་སྐྱོད་པའི་བདེ་སྐྱིད་ཀྱི་དུས་བཟང་།

ཞིང་པའི་སྤྲོ་སྐྱིད་ཁང་གིས་ཞིང་པ་ཕྱུག་པོར་བཏང་།།   ཡུལ་སྡེ་མཛེས་སྡུག་ལྡན་པས་མི་རྣམས་ཡིད་དབང་འཕྲོག།

ཞོགས་པའི་ཉི་ཟེར་གྱི་འཛུམ་མདངས་འོག་མེ་ཏོག་བཞིན་དགོད་པའི་མཚོ་གཉིས་གྲོང་ཚོའི་ཞོགས་པའི་མཁའ་དབུགས་དྭངས་ཤིང་ལམ་དང་ར་བ་རྣམས་སུ་གད་སྙིགས་སོགས་ཡེ་ནས་མེད་པས་ལུས་བདེ་སེམས་སྐྱིད་པའི་ཚོར་བ་ཞིག་ངང་ངམ་ཤུགས་སུ་སྟེར་ལ། དེ་མིན་ཤིང་སྡོང་ལ་མེ་ཏོག་གི་ཚོན་མདངས་རྣམ་པར་བཀྲ་བ་དང་བྱ་བྱེའུའི་གླུ་སྐད་སྙན་པོར་སྒྲོག་ཅིང་། རོ་བརྒྱའི་དྲི་ཞིམ་གང་སར་འཐུལ་བས་རྐང་དྲུག་བུང་བ་དག་ཀྱང་ཞོགས་སྔ་ལངས་བྱས་ཏེ་གྲོང་ཚོ་དེའི་མི་རྣམས་དང་མཉམ་དུ་སྐྱིད་མི་ཁོམ་མི་ལྕོགས་ཟེར་བ་བཞིན་ལས་ལ་བྲེལ་མགོ་བརྩམས། བལྟས་ན་མིག་ལ་མཛེས་ཤིང་། ཉན་ན་རྣ་ལ་སྙན་པ། སྣོམ་ན་སྣ་ལ་ཞིམ་པ་སོགས་དབང་པོ་ལྔའི་ལོངས་སྤྱོད་ཚད་མེད་མྱོང་ཐུབ་ཅིང་། གྲོང་ཚོ་དེ་ལ་རང་བྱུང་གི་མཛེས་ཉམས་དང་མི་རྣམས་ཀྱི་བློ་གྲོས་ལ་བརྟེན་ནས་ཡར་རྒྱས་ཀྱི་འཕར་རྩ་ལྡིང་ཞིང་། མདུན་བསྐྱོད་ཀྱི་གོམ་སྒྲ་བསྒྲགས་དང་སྒྲོག་བཞིན་འདུག།

མཚོ་གཉིས་གྲོང་ཚོའི“པན་པན་ཟམ་པའི་ཞིང་གྲོང”ཞེས་པའི་གཞིས་ཀར་སྐྱོད་སྐབས་སྔོ་ལྗང་གིས་ཁེངས་ཤིང་སྒོ་རའི་ནང་འདབ་ཆགས་ཀྱིས་སྐད་སྙན་ལས་མགྲོན་ལ་བསུ་མ་ཞུ་བ་དང་སྒོ་རའི་ནང་ཕོར་པ་དང་སྡེར་མའི“མཉམ་སྒྲོག་རོལ་དབྱངས”ཡང་ཡང་ཁྱབ་ནས་ཞིང་དུད་ཀྱི་འཚོ་བ་ཉམས་ལེན་བྱེད་པར་ཡོང་མཁན་གྱི་ཡུལ་སྐོར་བས་སྤྲོ་སྣང་ཆེན་པོས་ཞིང་ཁྱིམ་གྱི་ཁ་ལག་ཟ་རྒྱུར་བསྒུགས་ནས་བསྡད་ཡོད་པ་དང་། དེའི་ནང་བྱ་ཤའི་ཁུ་བ་དང་དུད་ཤ། ཤ་མོའི་རིགས་འདྲ་མིན་སོགས་ཁྱད་ཆོས་སྔོ་ཚལ་སོགས་ཕྱིར་མི་རྙེད་པའི་ཚལ་དག་འདི་གར་མ་ཚང་བ་མེད་པས་མི་རྣམས་ཀྱིས་འདོད་རྒུ་ལོངས་སུ་སྤྱད་དང་སྤྱོད་བཞིན་མཆིས།

“ཞིང་པའི་སྤྲོ་སྐྱིད་ཁང་གིས་མི་ལ་སྤྲོ་བ་སྟེར། མགྲོན་པོ་བཟང་པོས་ང་ཚོ་ཕྱུག་པོར་བཏང་། ” མིག་སྔའི་འཁྲུག་ཆ་དོད་པའི་ཚོང་ལ་བལྟས་ནས་ཞིང་གྲོང་གི་སྦྱིན་བདག་ཏེང་ཨན་མའེ་ཡིས་འཛུམ་དམུལ་དམུལ་ངང་སེའུ་དམར་པོའི་འབྲས་བཟང་གི་དུས་ཚིགས་འདས་མ་ཐག་ཁམ་བུ་སྨིན་པའི་དུས་ཚིགས་ལ་སླེབས་པས་ཡུལ་སྐོར་བས་མཛེས་སྡུག་ལྡན་པའི་རི་ཆུ་མྱོང་རོལ་ཐུབ་པར་མ་ཟད་ད་དུང་ཤིང་འབྲས་འཐུ་རྒྱུ་དང་ཞིང་ལས་སོགས་ཞིང་སྡེའི་སྤྲོ་གསེང་བྱེད་སྒོའི་སྤྲོ་སྣང་ཡང་མྱོང་རོལ་ཐུབ་ཀྱི་ཡོད་པས་ཡུལ་སྐོར་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ་ང་ཚོའི་འཚོ་བ་ཡང་སྔར་ལས་ཇེ་ཡག་ཏུ་འགྲོ་བཞིན་འདུག”ཅེས་བཤད་པ་རེད།

ད་ལྟའི་ཚོང་ལས་དང་བདེ་སྐྱིད་ཀྱི་འཚོ་བ་ནི་ཏིན་ཨན་མེ་ཡིས་སྔོན་ཆད་ཡིད་ལ་དྲན་ཡང་མི་ཕོད་པ་ཞིག་རེད། སྔོན་ལ་མཚོ་གཉིས་གྲོང་ཚོའི་འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་རྨང་གཞིའི་སྒྲིག་བཀོད་ཞན་པ། ཐོན་ལས་འཕེལ་རྒྱས་རྗེས་ལུས་ཡིན་པ་སོགས་ཀྱི་དབང་གིས་གྲོང་ཚོའི་ནང་“མཚོ་གཉིས་གྲོང་ཚོ་དྲན་དུས།། མིག་མཐར་མཆི་མ་ལྷུང་བྱུང་།། རྐང་ལམ་ཕྲ་མོ་འགྲོ་དཀའ་ཞིང་།། ནད་ཀྱིས་མནར་ཡང་ཐབས་ཤེས་མེད། ཅེས་པའི་སྙན་ངག་དགོད་བྲོ་བ་ཞིག་དར་ཡོད། ཕྱིས་སུ་དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་སྲིད་ཇུས་འོག་མཚོ་གཉིས་གྲོང་ཚོར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ད་ལྟར“གཞུང་ལམ་སྒོ་ཁར་བསྐྲུན་བྱུང་། འཐུང་ཆུ་ཐབ་ཀར་ཁྲིད་ཡོད།། སྨན་བཅོས་འགན་སྲུང་ཐུབ་བྱུང་།། འཚོ་བ་བདེ་ཞིང་སྐྱིད་སོང་།། ”ཞེས་པའི་སྙན་ངག་དགོད་བྲོ་བ་གང་སར་ཁྱབ་ཡོད།

“སྔོན་ཆད་ཆར་པ་འབབ་སྐབས་སྟར་ཀ་སྡོང་པོའི་འོག་ཏུ་ཆར་པར་ཡོལ་ནས་འདུག་དགོས་ཤིང་། ཆར་པ་དྭངས་རྗེས་ལམ་དེ་འདམ་གྱིས་བཀང་ནས་རྒན་རྒོན་དང་བྱིས་པ་རྣམས་ཐར་མ་རེད། དར་མ་རྣམས་ཀྱིས་ཀྱང་འགྲོ་སྟངས་མ་བྱས་ན་ལྷམ་འདམ་དུ་ཟུག་འགྲོ། ད་ལྟར་ཡིན་ན་གཞུང་ལམ་སྒོ་ཁར་སླེབས་པས་མ་ཚད་རྫོང་ཐོག་ཏུ་འགྲོ་དགོས་ནའང་སྤྱི་སྤྱོད་རླངས་འཁོར་ཡོད་པས་ཆར་པ་ཅི་འདྲ་བབས་ཀྱང་སྐྲག་མི་དགོས་ཤིང་། ལོ་ཤས་རིང་མཚོ་གཉིས་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས་ཡུལ་མི་ལིའུ་ལགས་ཀྱིས་ངོ་ལ་འཛུམ་དང་བཅས་གྲོང་ཚོའི་ནང་གི་ཁང་རྙིང་ཚང་མ་བསྒྱུར་བཀོད་བྱས་པ་དང་ག་ས་གང་དུ་ལྗང་མདོག་ཏུ་བསྒྱུར་ཡོད་པར་མ་ཟད་ལམ་སྒྲོན་བཙུགས་ཤིང་གྲོང་ཚོར་སྐྱོད་པའི་ལམ་ཡང་དུད་ཁྱིམ་སོ་སོའི་སྒོ་རྩར་ཐོན་ཡོད་པས་ང་ཚོ་ད་ལྟར་གྲོང་ཁྱེར་དང་ཁྱད་པར་མི་འདུག། ཉིན་ལྟར་ཟ་མ་བཟས་རྗེས་གཞུང་ལམ་གྱི་ངོས་དེད་དེ་སེམས་ལྷོད་ལྷོད་ངང་ཁམས་སངས་པ་དང་ལུས་སེམས་སྦྱོང་བརྡར་བྱས་ཏེ་འགྲོ་བཞིན་ཡོད་ཅེས་བཤད།

དེ་སྔའི་དཀའ་སྡུག་གླེང་སྐབས་ཏེང་ཨན་མའེ་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོས“སྔོན་མ་གཞན་གྱི་ཞིང་པའི་སྤྲོ་སྐྱིད་ཁང་དུ་ཚལ་བཀྲུས་པ་དང་ཁ་ལག་བཟོ་བར་བརྟེན་ནས་ཡོང་འབབ་གསོག་གི་ཡོད། དཀའ་ལས་ཅི་འདྲ་ཆེན་པོ་བརྒྱབ་ཀྱང་ཡོང་འབབ་མང་པོ་རག་གི་མེད”ཅེས་བཤད། “སེའུ་དམར་པོའི་དུས་ཆེན”གྱི་ཟོང་རྟགས་རིམ་བཞིན་བཏོད་པ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་ཞིང་། ཏེང་ཨན་མའེ་ཡིས་གོ་སྐབས་དེ་མཐོང་ནས2017ལོར“པན་པན་ཟམ་པའི་ཞིང་གཞིས”ཞེས་པ་བཙུགས་པ་དང་ལོ་ཕྱེད་ནང་ཡོང་འབབ་སྒོར་ཁྲི4ཙམ་བྱུང་ཡོད། ད་ལྟ་ཡུལ་སྐོར་བ་ཉུང་བའི་དུས་སུ་ཡང་ཉིན་རེར་ཡོང་འབབ་སྒོར་བརྒྱ་ཕྲག་ཁ་ཤས་ཡོད་ལ་ཡུལ་སྐོར་བ་མང་བའི་དུས་སུ་ཉིན་གཅིག་ལ་ཡོང་འབབ་སྒོར་ཁྲི་ལ་ཉེ་བ་ཡོང་གི་ཡོད་ཅེས་བཤད།

མཚོ་གཉིས་གྲོང་ཚོའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལས་ས་གནས་དེ་གའི་མི་སེར་ཚོས་ཡུལ་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་མཐོང་ནས་ཁྱིམ་དུ“ཞིང་པའི་སྤྲོ་སྐྱིད་ཁང”གཉེར་ཡོད། ཧྭ་ཅན་དང་ལི་ཧྲོའུ་མིན་བཟའ་མི་གཉིས་ཀྱང་དེའི་གྲས་ཡིན་ལ། སྔོན་ཆད་གང་སར་གླ་པ་བྱེད་པ་དང་ད་ཆ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་གཏོད་བྱེད་མཁན་སྦྱིན་བདག་བྱེད་ཀྱི་ཡོད། ལོ་མང་རིང་གཉེར་སྐྱོང་འཕེལ་རྒྱས་བཏང་བར་བརྒྱུད་བཟའ་མི་གཉིས་པོས་གཉེར་བའི“མའོ་ལུའུ་ཞིང་གཞིས”ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

ཁང་རྙིང་བསྒྱུར་བཀོད་བཏང་ནས་འགྲུལ་ཁང་བྱས།།  ཡུལ་མི་རྒན་པ་རྐང་བདག་གསར་པར་གྱུར།།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་ན་སྔོ་ལྗང་གི་རི་ཀླུང་ལྟ་ན་སྡུག་ཅིང་། གྲོང་ཚོའི་ནང་ཆུ་ཕྲན་ཆུང་ཆུང་དལ་གྱིས་བཞུར་བའི་སྟེང་ན་ཟམ་ཆུང་གི་གཟུགས་དབྱིབས་ལྷག་པར་མཛེས། ལྗོན་ཤིང་གི་ལོ་འདབ་རྒྱས་པའི་གསེབ་ན་རྡོ་རྩིག་གི་ཁང་པ་རེ་རེ་བཞིན་བཟོ་སྐྲུན་གྱི་ཁྱད་ཆོས་མི་འདྲ་བ་དག་ནི་དར་མདོ་གྲོང་ཁྱེར་གུ་དྲག་གྲོང་རྡལ་རི་དཀྱིལ་གྲོང་ཚོའི་ཡིད་དབང་འཕྲོག་པའི་རྣམ་པ་རེད། དེ་གར་ལྟག་ན་རི་བོ་མཐོན་ཞིང་མཛེས་ལ། མདུན་ཕྱོགས་ཆུ་བོ་ཆེན་པོ་དྲག་ཏུ་འབབ་ཅིང་། ཞིང་དང་གྲོང་ཚོ་མཉམ་དུ་འདྲེས་པའི་རི་ཀླུང་གི་བཀོད་པ་མཛེས་ལ་ཁོར་ཡུག་སྐྱིད་པོ་ཞིག་ཡིན། དེ་བཞིན་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ལྟེ་གནས་དར་རྩེ་མདོ་དང་ཉེ་ཞིང་གཡག་དར་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ཡོད་ལ། མཚོ་འཕགས་དམའ་ཞིང་། ཉི་འོད་ཀྱི་དྲོད་ཚད་འདང་ལ་མཁའ་དབུགས་གཙང་བའི་གནས་མཆོག་ཅིག་ཡིན་ནོ།།

ཉེ་བའི་ལོ་ཤས་རིང་རི་དཀྱིལ་གྲོང་ཚོས“བོད་ཁྱིམ་ཉ་གྲོང”ཞེས་པས་གཙོ་དོན་མངོན་གསལ་དུ་བྱས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བཏང་ནས་འགྲུལ་བ་མང་པོའི་ཡིད་དབང་བཀུག་ཡོད།

“ལ་གཞས་བླངས་ནས་ཤོག། ངས་འདི་ཕྱོགས་ལེན་ཚེ་ཕར་གིས་སྐྱོར……གྲོང་ཚོ་དང་གྲོང་ཚོ་བར་ལ། བདེ་མོའི་ལམ་གྱིས་སྦྲེལ་ཡོད། གྲོང་མི་དང་ཁྱིམ་མཚེས་ཐམས་ཅད། རྒྱུ་འབྱོར་བ་ཕྱུག་པོར་ཆགས་ཡོད”ཅེས་མགོ་ལ་མགོ་རྒྱན་དཀྲིས་ཤིང་ལུས་ལ་ཁེ་འཇར་གྱོན་པའི་རྒན་རྒོན་ཚོས་སྐད་གསང་མཐོན་པོས《ཡུལ་སྡེ་དར་རྒྱས་གཏོང་བའི་གླུ་དབྱངས》ཞེས་པའི་གཞས་ཤིག་བཏང་བ་དང་། དེ་གར་ཡུལ་སྐོར་ཡོང་བའི་ཡུལ་སྐོར་བ་ཚོས་དམིགས་བསལ་ཁྱད་ཆོས་ལྡན་པའི་གླུ་གཞས་འདིས་ཡིད་དབང་བཀུག་སྟེ་ཚང་མས་ཁ་པར་བླངས་ནས་བརྙན་དང་པར་ལེན་བྱས།

གཞས་དེ་ལེན་མཁན་ནི་རི་དཀྱིལ་གྲོང་གི་ཞུས་ཝན་ཀྲུང་ཡིན་ལ། གཞས་དེའི་གཞས་ཚིག་ནི་ཞུས་ཝན་ཀྲུང་གི་བཟའ་ཟླ་ལི་ཀུའེ་ཧྥང་གིས་བྲིས་པ་ཞིག་རེད། “ཚང་མའི་འཚོ་བར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས་སེམས་པ་དགའ་པོ་བྱུང་ཚེ་གཞས་གཏོང་བའི་རྣམ་པའི་ཐོག་ནས་བདེ་སྐྱིད་ཀྱི་འཚོ་བ་མཚོན་པར་བྱེད་ཀྱི་ཡོད”ཅེས་བགྲེས་སོང་ལི་ཀུའེ་ཧྥང་གིས་འཛུམ་དམུལ་བའི་མདངས་དང་བཅས་ཏེ་བཤད། “སྔོན་མ་ཡིན་ན་ང་ཚོ་རི་སྟེང་དུ་སྡོད་ཀྱི་ཡོད་པས་འཚོ་བ་དེ་ཙམ་ཡག་པོ་མེད། ད་ཆ་ལྟོ་གོས་ཐད་སེམས་ཁྲལ་བྱེད་མི་དགོས། གྲོང་ཚོའི་ནང་ད་དུང་ཡུལ་སྐོར་གྱི་ལས་ཀ་སྤེལ་བཞིན་ཡོད་པས་ངས་ཡུལ་སྐོར་བ་རྣམས་ལ་ཆེད་དུ་གླུ་གཞས་དེ་གཏོང་གི་ཡོད”ཅེས་ཞུས་ཝན་ཀྲུང་གིས་དེ་ལྟར་བཤད། ཁོང་གིས་གླུ་གཞས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་དང་། ཏང་དང་མེས་རྒྱལ་ལ་བཅངས་པའི་བཀའ་དྲིན་དེ་མཚོན་ཡོད།

ཡུན་རིང་མ་འགོར་བར་ལྕགས་ཟམ་དེའི་འགྲམ་དུ་ཡང་ཟམ་ཆེན་ཞིག་གསར་སྐྲུན་བྱས་ནས་རི་དཀྱིལ་གྲོང་སྡེ་དང་ཕ་རོལ་གྱི་ཞིང་ཆེན་རིམ་པའི་ལམ་ཐིག211དང་སྦྲེལ་མཐུད་བྱ་རྒྱུ་རེད་ཅེས་ལོ40ཡི་རིང་རི་དཀྱིལ་གྲོང་སྡེར་ལས་དོན་བསྒྲུབས་པ་དང་འཚོ་བ་བསྐྱལ་མྱོང་བའི་ཐང་ཡུས་ཆའོ་ཡིས་གནས་དེ་གའི་ཁ་སང་དང་། དེ་རིང་། སང་ཉིན་བཅས་ཀྱི་གནས་ཚུལ་བརྗོད་བྱུང་།

ཐང་ཡུས་ཆའོ་ཡིས་ཁྱོད་ཀྱིས་དེ་སྔའི་རི་དཀྱིལ་གྲོང་སྡེའི་རྣམ་པ་མཐོང་མྱོང་བ་མ་རེད། སྐབས་དེར། གྲོང་སྡེ་དེར་ཁང་བ་རྙིང་རལ་དང་གྱང་ར་ཐབས་ཆག་ལས་མེད་པར་མ་ཟད་ས་ངོས་ཁོད་མི་སྙོམས་པས་རྣམ་པ་ཧ་ཅང་སྡུག། ཡུལ་མི་ཚང་མས་སྔ་ས་ནས་གྲོང་སྡེར་འགྱུར་ལྡོག་གཏོང་འདོད་ཡོད་ཀྱང་ནུས་པས་མི་འདང་བས་འདི་ལྟར་ཡུན་རིང་དུ་ལུས་ཡོད། 2018ལོའི་སྤྱི་ཟླ5པར་རང་ཁུལ་གྱིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་མགོ་བཙུགས་ནས་ཁག་དང་པོར་གྲོང་སྡེ42བསྐྲུན་ཡོད། དེ་ནི་དར་མདོ་དང་ལྕགས་ཟམ། རོང་བྲག་བཅས་རྫོང(གྲོང་ཁྱེར)3དང་འབྲེལ་བ་ཡོད་ཅིང་། དེའི་ནང་དར་མདོ་གྲོང་ཁྱེར་གྱིས་ཁག་དང་པོའི་དཔེ་སྟོན་གྲོང་སྡེ་བསྐྲུན་རྒྱུར་གྲོང་སྡེ8བདམས་ཡོད་པས་རི་དཀྱིལ་གྲོང་སྡེའང་དེའི་གྲས་ཤིག་ཡིན། ཁུལ་དང་རྫོང(གྲོང་ཁྱེར)གིས་མ་དངུལ་དང་ཤེས་ལྡན་མི་སྣ་བཏང་བས་མ་ཚད་ས་ཆའི་ཐད་རྒྱབ་སྐྱོར་བྱས་པར་བརྟེན་ནས་གྲོང་སྡེ་ཡོངས་ཀྱིས་ཕྱུགས་རིགས་གཅིག་སྡུད་གསོ་ཚགས་བྱས་ཤིང་། བཙོག་ཆུ་གཙང་སེལ་བྱས་ཏེ་ཚད་གཞི་ལོན་རྗེས་གཞི་ནས་ཕྱིར་འབུད་ཀྱི་ཡོད། གྲོང་སྡེ་དེས་སྔོན་ཆད་ཀྱི་ཕག་གསོའི་ར་བ་དེ་ངལ་གསོ་ཐང་ཆེན་དུ་བསྒྱུར་བ་དང་། འདེབས་འཛུགས་ཐད་ཤུགས་བརྒྱབ་ནས་དེ་སྔའི་མ་རྨོས་ལོ་ཏོག་དང་པད་ཚལ་སོགས་དཔལ་འབྱོར་སྐྱེ་དངོས་དག་ཞུ་མཁན་དང་སེའུ་དམར་པོ་སོགས་ཤིང་འབྲས་ཐོན་ལས་སུ་བསྒྱུར་ཡོད། ད་ཆ་ཡུལ་སྐོར་བ་ཚོ་འདིར་ཡོང་ན་སིལ་ཏོག་འཐུ་བ་དང་བྱེས་སུ་ཉ་འཛིན་ཆོག་ལ་ཡུལ་མིའི་གནས་ཚང་དུ་ཡང་བསྡད་ཆོག་ཅེས་བཤད།

གྲོང་སྡེ་ཡོངས་སུ་ཁྱད་ཆོས་འཛུགས་སྐྲུན་ནས་རོལ་རྩེད་ལས་གཞིའི་བར་ཁྱོན་ཡོངས་ནས་འཆར་འགོད་བྱས་ཡོད། ཡུལ་མིའི་སྔར་ཡོད་ཀྱི་ཁང་པ་རྙིང་པ་བོགས་གཡར་བྱས་པར་བརྒྱུད་ཇུས་འགོད་སྤྱི་གཉེར་ཁང་གིས་གཅིག་གྱུར་ཐོག་བསྒྱུར་བཀོད་བྱས་པ་དང་བསྒྱུར་བཀོད་བྱས་རྗེས་དར་མདོའི་རིག་གནས་ཡུལ་སྐོར་མ་འཇོག་སྤྱི་གཉེར་ཁང་དང་རི་དཀྱིལ་གྲོང་སྡེའི་མཉམ་ལས་ཁང་གིས་བཙུགས་པའི་མ་རྩ་མཉམ་འཇོག་སྤྱི་གཉེར་ཁང་གིས་རྒྱུན་གཏན་གཉེར་སྐྱོང་གི་འགན་འཁུར་བཞིན་ཡོད། གྲོང་སྡེའི་མཉམ་ལས་ཁང་གིས་ལོ་ལྟར་སྒོར5000གི་རིན་གོང་ལྟར་ཡུལ་མིའི་ཁང་པ་རྙིང་པ་གླས་ནས་བེད་སྤྱོད་བྱེད་ཀྱིན་ཡོད། ཡུལ་མིས་མ་རྐང་ནང་ཞུགས་ནས་ཐོབ་ཆ་བགོ་ཆོག་པས་མ་ཚད་ཡུལ་མིའི་གནས་ཚང་དུ་ཞབས་ཞུ་བྱས་ནས་གཏན་འཇགས་ཀྱི་གླ་ཆ་ལེན་ཆོག་གིན་ཡོད། ཡུལ་མི་ལེའོ་ཕུའུ་ལེན་གྱི་ངའི་ཁྱིམ་དུ་བེད་མེད་ཁང་རྙིང་ཞིག་ཡོད། མཉམ་ལས་ཁང་གིས་སྒོར་ཁྲི40བཏང་ནས་ཁང་པའི་ཕྱི་ནང་ཀུན་ཏུ་བསྒྱུར་བཀོད་བྱས་རྗེས་སྔ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས་ངའི་སེམས་པ་ཧ་ཅང་སྐྱིད་བྱུང་ཞེས་བཤད་དོ།།

བདེ་ལམ་བསྐྲུན་ནས་ལས་རིགས་འཕེལ་རྒྱས་བཏང་།།  གྲོང་སྡེའི་རྣམ་པ་སྔར་མེད་གསར་དུ་བསྒྱུར།།

ཁྲུང་ཆིང་ཧུང་ཡ་ཕུག་པ་དང་དབྱེར་མེད་པའི་གནའ་བོའི་གྲོང་རྡལ་དེའི་མཚན་ལྗོངས་ནི་རྒྱལ་ནང་གི་བཟང་གྲལ་ལ་ཚུད་ངེས་པའི་མཛེས་ལྗོངས་ཤིག་ཡིན་ལ། སྤྱི་ཟླ6པའི་ཚེས12ཉིན་གྱི་དགོང་མོར་ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་བུ་མོ་རེན་ལགས་དར་མདོ་གྲོང་ཁྱེར་འཁོབ་ཡུལ་ཡུལ་ཤོག་གསེར་ལུང་གྲོང་ཚོར་ལྟ་སྐོར་དུ་ཕྱིན་རྗེས་སྐད་འཕྲིན་གྱི་གྲོགས་ཚོམས་ནས་མྱོང་ཚོར་དེ་ལྟར་བཤད། དེ་དང་དུས་མཚུངས་འཁྱུག་དབྱིངས་བརྒྱུད་ནས་གསེར་ལུང་གྲོང་ཚོའི་མཛེས་ལྗོངས་མཐོང་མཁན་མན་དབྱང་གྲོང་ཁྱེར་གྱི་ཡུལ་སྐོར་བ་སྐུ་ཞབས་ལུའི་ཁྱིམ་མི་ཡོངས་ས་བཀྲའི་མཉེན་ཆས་ཀྱི་མཛུབ་སྟོན་བརྒྱུད་གསེར་ལུང་གྲོང་ཚོར་སྐྱོད་བཞིན་ཡོད། སྐུ་ཞབས་ལུའི་ལགས་ཀྱིས་རླངས་འཁོར་བཏང་ནས་གསེར་ལུང་གི་ཕུག་ལམ་དུ་འཛུལ་སྐབས་ཕུག་ལམ་ངོས་ལ་ཚོན་མདངས་རྣམ་པར་བཀྲ་བའི་གློག་སྒྲོན་སྣ་ཚོགས་ལས་གྲུབ་པའི་རི་མོས་ནང་མི་ཚང་མ་ཧང་སངས་པར་གྱུར། སྐར་མ5ཡི་རྗེས་སུ་ཕུག་ལམ་བརྒལ་རྗེས་མིག་ལམ་གསལ་ལྷང་ངེར་གྱུར་ཅིང་རྒྱང་རིང་གི་གློག་སྒྲོན་གསལ་ཞིང་གྲལ་སྟར་འགྲིག་པའི་ཁང་པ་དག་གྲོག་རོང་དུ་ཆགས་ཤིང་། ཐོག་ཁང་སྐས་རིམ་ལྟར་ཆགས་པ་ལས་གློག་འོད་རབ་ཏུ་འཕྲོས།

གྲོང་ཚོའི་ནང་འཆམ་འཆམ་དུ་སྐྱོད་སྐབས་གློག་སྒྲོན་གྱི་ཚོན་མདངས་རྣམ་པར་བཀྲ་ཞིང་། མེ་ཏོག་གི་དྲི་ངད་གང་སར་ཁྱབ། སྡོད་ཁང་ཡོངས་ཀྱི་མདུན་དུ་སྔོ་ལྗང་ལྗོན་ཤིང་གིས་བསྐོར་ཞིང་ལག་རྩལ་མཁས་པ་ལས་ཐོན་པའི་གཟུགས་བརྙན་ག་ས་གང་དུ་མཐོང་རྒྱུ་འདུག། མཚན་མོའི་དུས་ལ་སླེབས་ཀྱང་ད་དུང་ཡུལ་སྐོར་བ་མང་པོ་ཞིག་དགའ་བའི་གླུ་དང་སྐྱིད་པའི་གར། དྲན་རྟེན་གྱི་པར་བཅས་བླངས་ནས་དུས་ཚོད་ག་ཚོད་ལ་ཐོན་པའང་བརྗེད་དེ་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཀྱིན་འདུག།

རི་མོ་བྲིས་པ་ལྟ་བུའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་མཁན་གྱི་ཡུལ་སྐོར་བ་འཚང་ཁ་ཤིག་ཤིག་ངང་ཡོང་བས་གསེར་ལུང་གྲོང་ཚོའི་ཡུལ་མི་ཁྲེན་ཅན་ཁང་ལ་སེམས་འགུལ་ཚད་མེད་ཐེབས་བཞིན་ཁོ་ད་ལོ་ལོ44ལ་སླེབས་ཤིང་། མ་གཞི་ལོ་དེ་ཙམ་ཆེན་པོ་མེད་ཀྱང་དེ་སྔ་མྱོང་བའི་དཀའ་སྡུག་བློ་ལ་བརྟན་པོར་ངེས་ཡོད།

གསེར་ལུང་གྲོང་ཚོ་ནི་རི་བོ་མཐོན་པོའི་རྩེ་ན་ཡོད་ཅིང་འཁོབ་ཡུལ་ཡུལ་ཤོག་གི་ཐག་རིང་བའི་ལུང་ཁུག་ཅིག་ཏུ་ཆགས་ཡོད། མཉམ་ལས་ཆེན་པོ་བྱེད་སྐབས་ཁྲེན་ཅན་ཁང་གི་ཕ་མ་གཉིས་པོས་གྲོང་ཚོའི་མཉམ་ལས་འབྲོག་རར་ལྟ་སྲུང་བྱེད་དུས་གྲོད་པ་རྒྱགས་པ་ཙམ་གྱི་འཚོ་བར་རོལ་གྱིན་ཡོད། གང་ལགས་ཤེ་ན། ཁོ་གནས་སའི་འབྲོང་ལུང་འབྲོག་ར་ས་བབ་སྨི3800ཡན་ལ་ཟིན་པ་དང་ཆུང་དུས་ཁོས་གསེར་ལུང་གྲོང་ཚོ་ནས་འབྲུ་རིགས་རྒྱ་མ30རྒྱབ་ལ་ཁུར་ཏེ་འབྲོག་ར་བར་ཉིན་གསུམ་ལ་འགྲོ་དགོས་ཀྱི་ཡོད། ལམ་ཐག་རིང་བས་ཁོའི་ཕ་མ་གཉིས་ཀ་འཁོབ་ཡུལ་ཡུལ་ཤོག་ལ་འགྲོ་རྒྱུའང་ཧ་ཅང་དཀོན་པོ་ཡིན། སྡེ་བའི་ནང་དུ་དོན་ཆེན་འདྲ་ཡོད་ན་མ་གཏོགས་ཉིན་འགར་རི་ལུང་ཐང་གསུམ་བརྒལ་ནས་འགྲོ་དགོས་སྟབས་འགྲོ་མཁན་ཉུང་ཉུང་རེད། ལམ་ཐག་རིང་ཞིང་འགྲོ་འདུག་མི་བདེ་བས་ཁྲེན་ཅན་ཁང་སློབ་ཆུང་ལོ་རིམ་གསུམ་པ་ནས་ཕྱིར་འཐེན་བྱས་ཏེ་སློབ་གྲྭར་འགྲོ་མེད།

“དེ་རྗེས་ནས་འཁོབ་ཡུལ་དུ་འགྲོ་སྐབས་གཡང་གཟར་གྱི་རི་ལམ་དེ་བརྒྱུད་ནས་ཆུ་ཚོད3ལྷག་ཙམ་བསྐྱོད་དེ་རི་ཞབས་ཀྱི་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་བསླེབས། དེ་ནས་སྒོར་ཁ་ཤས་སྤྲད་ནས་རླངས་འཁོར་ཆུ་ཚོད་འགར་སོང་རྗེས་གཞི་ནས་འཁོབ་ཡུལ་ལ་ཐོན། དངོས་ཟོག་དབོར་འདྲེན་བྱ་དགོས་ན་རྟ་ལ་བཀལ་ནས་འདྲེན་དགོས་ཤིང་། རི་ལམ་གཡང་གཟར་ཆེ་བས་རྟ་ཤི་སྒ་ཆག་གི་གནས་ཚུལ་ནི་རྒྱུན་ལྡན་ཞིག་ཡིན། ཉེན་ཁ་ཅི་འདྲ་ཆེ་ནའང་འཚོ་བ་རོལ་དགོས་པས་མི་འགྲོ་ཐབས་མེད་རེད། འཛུགས་སྐྲུན་རྒྱུ་ཆ་སྐྱེལ་འདྲེན་བྱེད་ཐབས་བྲལ་བས་རྡོ་ཁང་ཐེབས་ཆག་ཙམ་ལས་མེད། དགུན་དུས་གྲང་བས་མནར་བ་དང་དབྱར་དུས་ཆར་ཆུས་གནོད་པ་སོགས་ཀྱི་སྡུག་བསྔལ་མྱོང་དགོས་པ་རེད། དབུལ་པོ་དང་རྗེས་ལུས་ཀྱི་གནས་ཚུལ་དེ2015ལོའི་བར་རྒྱུན་མཐུད་བྱས་ཡོད། སྤྲེའུ་བྲག་གློག་ཚུགས་དེ་གསེར་ལུང་གྲོང་ཚོར་གནས་སྤོས་བྱས་ནས་གསེར་ལུང་ཕུག་ལམ་བསྐྲུན་ཡོད།། ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ཉིན་དེར་གྲོང་ཚོ་ཡོངས་ཀྱི་དུད་ཚང38ཀྱི་མི148ཀྱིས་རྒན་པ་སྐྱོར་ཞིང་བྱིས་པ་ཁྲིད་ནས་དགའ་སྤྲོ་རྟེན་འབྲེལ་ཞུས་པ་རེད།“གསེར་ལུང་ཕུག་ལམ་དུ་བརྡ་ཚང་བརྙན་ཕབ་སྒྲིག་ཆས135ཡོད་པ་དང་གྲོང་ཚོར་སྨི34000ལྷག་ཙམ་ཟིན་པའིLEDགློག་སྒྲོན3200ལྷག་ཙམ་སྒྲིག་སྦྱོར་བྱས་ཡོད། དེ་དང་ཆབས་ཅིག་གྲོང་ཚོ་ཡོངས་ཀྱི་གློག་སྐུད་ཡོད་ཚད་ས་འོག་ཏུ་ཁྲིད་ཡོད། རྒྱལ་ཡོངས་གང་ལ་བལྟས་ན་སྒྲིག་བཀོད་དེ་འདྲའི་རིགས་ནི་གྲོང་ཚོའི་ནང་མཐོང་དཀོན་པ་ཞིག་རེད”ཅེས་ཁྲེན་ཅན་ཁང་གི་དེ་ལྟར་དྲན་གསོ་བྱས། ལོ་དེ་ནས་བཟུང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཡུང་ཆང་གིས་གློག་ཚུགས་སྐྲུན་སྐབས་སྐྱེལ་འདྲེན་རླངས་འཁོར་དགོས་མཁོ་ཆེ་བའི་གོ་སྐབས་ལ་དམིགས་ཏེ་ཁྱིམ་ཚང་ཚང་མས་ཟོག་འདྲེན་རླངས་འཁོར་ཉོས་ནས་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་། ཁ་དན་ཚིག་གནས་བྱས་པར་བརྟེན་ཡུལ་མི་ཚོར་ཡོང་འབབ་མི་ཉུང་བ་ཞིག་རག་ཡོད། རྣམ་པ་བསྒྱུར་བཀོད་དང་“བཅོས་བསྒྱུར་ལྔ་དང་འཛུགས་སྐྲུན་གསུམ”སོགས་དམངས་ཕན་སྲིད་ཇུས་ལག་བསྟར་དང་ཡུལ་སྡེ་དར་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་དང་བསྟུན་ནས་གསེར་ལུང་གྲོང་ཚོ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོགས་སུ་གནས་པའི་ཁུལ་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཚོད་ལྟའི་གྲོང་ཚོ་ཁག་དང་པོ་དེ་ཡིན་ཞིང་། མཚན་མོའི་མཛེས་ལྗོངས་དང་ཡུལ་མིའི་གནས་ཚང་སྤུས་དག་ཡོད་པས་དྲྭ་ཐོག་སྐད་གྲགས་ཁྱབ་ཅིང་ཡུལ་སྐོར་བ་ཇེ་མང་དུ་སོང་ཡོད་ལ། ཐ་ན་མི་ལ་ལས“ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་ཡུལ་སྡེའི་མཚན་ལྗོངས”ཞེས་པའི་མཚན་སྙན་ཡང་བཏགས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁྲེང་ཏུའུ་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་རྭ་དང་། བདེ་གསོ་དང་སྤྲོ་གསེང་ཟུང་དུ་འབྲེལ་བའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་ཁུལ་གྱི་འཐབ་ཇུས་བཏོན་མེད་ན་ཡུལ་མི་ཚོས་འདི་འདྲའི་འཚོ་བ་ཡག་པོ་སྐྱེལ་མི་ཐུབ་ལ། སྲིད་ཇུས་བཟང་པོ་དང་གོ་སྐབས་བཟང་པོ་ལ་བརྟེན་ནས་གསེར་ལུང་གྲོང་ཚོ་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད་ཅེས་ཁྲེན་ཅན་ཁང་གིས་དེ་ལྟར་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ཏང་གིས་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་ཚོ་ཡོད།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་ས་ཆུའི་གནོད་སྐྱོན་འགོག་སྐྱོབ་སྐོར་འདི་ལྟར་གསུངས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10