གནའ་བོའི་མིའི་རིགས་གསར་པ་ཞིག་རྙེད།

    མི་དམངས་དྲ་བ།    2021-07-08

གནའ་བོའི་མིའི་རིགས་གསར་པ་ཞིག་རྙེད།

      མི་དམངས་དྲ་བའི་འཕྲིན། ཧ་ལམ་ཆ་ཚང་ཉར་བའི་གནའ་བོའི་མིའི་རིགས་ཀྱི་མགོ་རུས་ཀྱིས་མིའི་རིགས་རིམ་འགྱུར་གྱི་གསང་བ་གང་དག་བརྟོལ་ཡོད་དམ།
    ཉེ་ཆར། ཧེ་ལུང་ཅང་ཧར་པིན་ནས་གསར་དུ་རྙེད་པའི་མིའི་རིགས་ལ་གཏོགས་པའི་ཆེས་ཆེ་བའི་ཀླད་པའི་འགྱུར་རྡོར་ཞིབ་འཇུག་སྟེ། ཀྲུང་དབྱིན་ཚན་རིག་པ་ལས་གྲུབ་པའི་ཞིབ་འཇུག་ཚོགས་པས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་དོན། གནའ་བོའི་མིའི་རིགས་གསར་པ་ཞིག་རྙེད་པ་དང་།    དེའི་ཁོངས་གཏོགས་ཀྱི་ཡན་ལག་སྡེ་ཁག་ནི་དེང་རབས་ཀྱི་མི་དང་ཆེས་ཉེ་བའི་གཉེན་ཉེའི་འབྲེལ་བ་ཡོད་སྲིད་པ་བཤད། 
   འགྱུར་རྡོ་དེ་ནི་ཧེ་ལུང་ཅང་ནས་རྙེད་པས། ཚན་རིག་པ་རྣམས་ཀྱིས་མི་རྒྱུད་གསར་པ་འདི་ལ་“ལུང་མི་”ཞེས་མིང་བཏགས་ཡོད།
   འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་རིག་གཞུང་དུས་དེབ《གསར་གཏོད》ཐོག་སྤེལ་ཡོད་པ་རེད། 
    དུས་ཡུན་རིང་བའི་མིའི་རིགས་ཀྱི་འཕེལ་འགྱུར་ལོ་རྒྱུས་སྟེང་། སྔ་དུས་ཀྱི་མིའི་རིགས་ཧ་ཅང་མང་ཞིང་། དེང་རབས་མིའི་ཐད་གཏོགས་མེས་པོ་བློ་རིག་ཅན་གྱི་མི་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པ་རེད། 
   ལུང་མི་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ། 
   ཞིབ་འཇུག་དེའི་ནང་ཞུགས་མཁན་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཉི་ཞི་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལུང་མི་འདིའི་མགོ་རུས་ནི་ད་བར་ལོ་ཁྲི་14.6ནས་ལོ་ཁྲི་30.9ཡི་བར་ཡིན་པ་དང་། གདོད་མའི་རང་བཞིན་དང་ཡར་ཐོན་གྱི་ཁྱད་ཆོས་ལྡན་ཡོད། དཔེར་ན། དེར་གྲུ་བཞི་ཡིན་པའི་མིག་ཀོང་ཆེན་པོ་དང་། མཐུག་ཅིང་རིང་བའི་སྨིན་རིས་སོགས་གདོད་མའི་ཁྱད་ཆོས་ཡོད་ལ། དེ་དང་མཉམ་དུ་ཅུང་ཐུང་ཞིང་སྙོམས་པའི་མཁུར་རུས་ཀྱང་ཡོད། 
   ངོ་སྤྲོད་བྱས་པར་གཞིགས་ན། མགོ་རུས་དེ་ཧ་ཅང་ཆེན་པོ་ཡིན་པ་དང་། བློ་རིག་ཅན་གྱི་མིའི་མགོ་རུས་ལས་ལྔ་ཆའི་གཅིག་ཙམ་ཡིན། ཀླད་པའི་ཤོང་ཚད་ལ་ཧའོ་ཧྲིན་1420ཡོད་པ་དེ་ནི་བློ་རིག་ཅན་གྱི་མི་དང་འདྲ་མཚུངས་ཡིན། འདིས་ལུང་མི་ལ་བློ་རིག་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་པ་མཚོན། 
   ལུང་མི་ནི་གླིང་ཆེན་ཨ་ཤེ་ཡའི་བྱང་ཕྱོགས་སུ་ཁྱབ་སྲིད་ཅིང་། ཞིབ་འཇུག་པས་རིགས་འདེད་བྱས་པ་ལྟར་ན། མགོ་རུས་འདི་ཕལ་ཆེར་ལོ་50འམ་ལོ་ན་གཞོན་པའི་སྐྱེས་པ་ཞིག་གི་ཡིན་པ་དང་། ཁོ་རང་སྟོབས་ཧ་ཅང་ཆེ། འཕྲེད་ཐིག་མཐོ་བའི་ས་ཁུལ་གྱི་གྲང་ངར་ཆེ་བའི་གནམ་གཤིས་ལ་འཚམ་ཞིང་། བློ་རིག་ལྡན་པའི་མི་དང་འདྲ་བར་རྔོན་རྒྱག་པ་དང་། འཚོལ་བསྡུ་བྱེད་པ། ཐ་ན་ཉ་བཟུང་ནས་འཚོ་བ་རོལ། 
   དུས་ཡུན་རིང་བའི་མིའི་རིགས་ཀྱི་འཕེལ་འགྱུར་ལོ་རྒྱུས་སྟེང་། སྔ་དུས་ཀྱི་མིའི་རིགས་མང་དུ་བྱུང་། དེང་རབས་མིའི་ཐད་གཏོགས་མེས་པོ་བློ་རིག་ཅན་གྱི་མི་ཡང་དེའི་ཁྲོད་ཀྱི་གཅིག་རེད།
   ལུང་མི་ལ་དམིགས་བསལ་ཁྱད་པར་ཅི་ཞིག་ཡོད་དམ། 
   ལུང་མི་དང་ང་ཚོའི་བར་འབྲེལ་བ་ཅི་ཡོད་དམ་ཞེ་ན། དེ་སྔོན། གནའ་བོའི་མིའི་རིགས་གཞན་པ་ཞིག་སྟེ། ཉི་ཨན་དེ་ཐེ་མི་ནི་བློ་རིག་ཅན་གྱི་མི་དང་གཉེན་ཉེའི་འབྲེལ་བ་ཡོད་པར་ངོས་འཛིན་བྱས་ཡོད། 
   ཐེངས་འདིའི་ཞིབ་འཇུག་ནང་ལུང་མི་དང་ཀན་སུའུ་ནས་ཤེས་རྟོགས་བྱུང་བའི་བསང་ཆུའི་མི། ཧྲའན་ཞི་ནས་ཤེས་རྟོགས་བྱུང་བའི་ཏ་ལི་མི་སོགས་ནི་ཡན་ལག་གཅིག་གི་ཁོངས་གཏོགས་ཤིག་ཡིན་པ་སྟེ། ཁོང་ཚོར་ཐུན་མོང་གི་མེས་པོ་ཡོད། ཡན་ལག་འདི་དང་བློ་རིག་ཅན་གྱི་མི་བར་གྱི་འབྲེལ་བ་སྔར་ལས་ཇེ་ཉེར་གྱུར་ཡོད། 
   “སྐྱེས་འཕེལ་མ་ལག་དབྱེ་ཞིབ་ལས་མངོན་གསལ། ཉི་ཨན་ཏེ་ཐེ་མི་དང་བློ་རིག་ཅན་གྱི་མི། ལུང་མི་བཅས་ཀྱི་གཞན་འགྱུར་ནི་བསམ་ཚོད་ལས་སྔ་བ་ཡོད། འདི་གསུམ་པོར་ཐུན་མོང་གི་མེས་པོ་ཡོད། ཧ་ལམ་ལོ་ཁྲི་100ཡི་གོང་། ཉི་ཨན་ཏེ་ཐེ་མི་སྔོན་ལ་གཞན་འགྱུར་བྱུང་བ་དང་། འགྱུར་ལྡོག་གི་ལམ་བུ་མི་འདྲ་བའི་ཐོག་བསྐྱོད་ནས་རང་ཚུགས་ཀྱི་མི་རྒྱུད་ཤིག་ཏུ་གྱུར་ཡོད། ཧ་ལམ་ལོ་ཁྲི་95ཡི་གོང་། བློ་རིག་ཅན་གྱི་མི་དང་ལུང་མི་གཉིས་ཐ་དད་དུ་གྱེས་ནས་མི་རྒྱུད་མི་འདྲ་བ་གཉིས་སུ་གྱུར་ཡོད” ཅེས་ཉི་ཞི་ཅུན་གྱིས་བཤད། ལྟ་བ་འདིས་སྔོན་གྱི་རིག་གཞུང་ཁྱབ་ཁོངས་སུ་ངོས་འཛིན་བྱེད་པའི་ཉི་ཨན་ཏི་ཐེ་མི་དང་བློ་རིག་ཅན་གྱི་མི་ལོ་ངོ་ཁྲི་60ཡི་སྔོན་ལ་ཁ་ཁ་གྱེས་པའི་ལྟ་བ་ལ་རྡུང་རྡེག་ཆེན་པོ་ཐེབས་པ་རེད། 
   དེ་དང་ཆབས་ཅིག་ཉི་ཞི་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བློ་རིག་ཅན་གྱི་མི་དང་ལུང་མིའི་ཐུན་མོང་གི་མེས་པོ་གཅིག་བྱས་ན་ཨ་ཧྥེ་རི་ཁ་གླིང་ནས་ཡིན་སྲིད་མོད། འོན་ཀྱང་དེ་སྔ་ཐེངས་མང་གནས་སྤོས་ནས་གང་སར་ཁྱབ་ཡོད། བློ་རིག་ཅན་གྱི་མི་ལོ་ཁྲི་20ཡི་གོང་ཨ་ཧྥེ་རི་ཁ་ནས་ཐོན་པ་དང་། དེ་སྔོན། ལུང་མི་ཁོངས་གཏོགས་ཀྱི་ཡན་ལག་ཨེ་ཤེ་ཡར་ལོ་ཁྲི་བཅུ་ཕྲག་ཁ་ཤས་རིམ་འགྱུར་བྱུང་ཡོད་པ་རེད།
   གང་སར་ཁྱབ་པའི་གོ་རིམ་ཁྲོད་དུ་བློ་རིག་ཅན་གྱི་མི་དང་ལུང་མི་གཉིས་སྔོན་ཆད་འཕྲད་ཡོད་སྲིད་པ་དང་། ཐ་ན་DNAཡི་བརྗེ་རེས་ཀྱང་བྱུང་མྱོང་བ་ཚོད་དཔག་བྱེད་ཆོག་པ་རེད། 
   དོ་སྣང་བྱེད་དགོས་པ་ཞིག་ལ། ཞིབ་འཇུག་རུ་ཁག་གིས་ལུང་མི་ནི་གསར་བྱུང་གི་མི་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད་མོད། འོན་ཀྱང་དོགས་གནད་ཁ་ཤས་ལ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱེད་དགོས། དཔེར་ན། ད་ཐེངས་ཀྱི་ཞིབ་འཇུག་ཁྲོད་བསང་ཆུའི་མི་དང་ལུང་མི་ནི་ཡན་ལག་གཅིག་གི་ཁོངས་སུ་གཏོགས་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་གོང་གི་ཞིབ་འཇུག་ཁ་ཤས་ཁྲོད་བསང་ཆུའི་མི་ནི་ངོ་མཚར་ཆེ་བའི་གནའ་བོའི་མིའི་རིགས་ཀྱི་ཁྱུ་ཚོགས་གཞན་ཞིག་སྟེ་ཏན་ཉི་སུའོ་ཝ་མི་ཡིན་པའི་ངོས་འཛིན་བྱས་ཡོད་པ་ལྟ་བུ།
   འོ་ན། ཏན་ཉི་སུའོ་ཝ་མི་དང་ལུང་མི་ནི་རིགས་གཅིག་ཡིན་ནམ་ཞེ་ན།
   གནད་དོན་དེའི་ཐད་ཉི་ཞི་ཅུན་གྱིས་ཏན་ཉི་སུའོ་ཝ་མི་ནི་དངོས་སུ་མིའི་རིགས་ཤིག་གི་མིང་བཏགས་པ་མ་རེད། རྒྱུ་མཚན་ནི། དེ་ནི་ཨུ་རུ་སུའི་ཏན་ཉི་སུའོ་ཝ་བྲག་ཕུག་ནས་རྙེད་པས་མིང་དེ་ལྟར་ཐོགས་པ་རེད། མིག་སྔར་ཏན་ཉི་སུའོ་ཝ་བྲག་ཕུག་ནས་རྙེད་པའི་འགྱུར་རྡོ་ཚང་མ་ཆག་རོ་ཡིན་པས་མགོའི་རུས་པ་རྙེད་མེད། 
   འདི་གཉིས་བར་གྱི་འབྲེལ་བ་ད་དུང་གཏན་འཁེལ་བའི་བཤད་ཚུལ་ཞིག་མེད་པས། ཤེས་རྟོགས་གསར་པ་དང་དཔང་རྟགས་གསར་པ་དེ་བས་མང་བ་དགོས། 
   ཞིབ་འཇུག་དེ་ཧོ་པེ་ས་གཤིས་སློབ་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཁང་། དབྱིན་ཇིའི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱི་ཞིབ་འཇུག་མི་སྣས་མཉམ་དུ་ལེགས་སྒྲུབ་བྱས་པ་ཞིག་རེད། 

གནའ་བོའི་མིའི་རིགས་གསར་པ་ཞིག་རྙེད།

གནའ་བོའི་མིའི་རིགས་གསར་པ་ཞིག་རྙེད།


  • ལེ་ཚན་སྔོན་མ།:2021ལོའི་ལྷ་སའི་ཞོ་སྟོན་གྱི་དུས་ཚོད་གཏན་ཁེལ་བྱས་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།