ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གིས་དཔེ་སྦྱིན་བྱེད་སྒོ་སྤེལ།

ཨོ་རྒྱན་གྱིས་བསྒྱུར།        2021-07-13

    སྤྱི་ཟླ7པའི་ཚེས6ཉིན་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མཉམ་འབྲེལ་གྱིས  “ངས་མང་ཚོགས་ལ་དོན་དངོས་ཀྱི་བྱ་བ་བསྒྲུབ་རྒྱུ་ཡིན”ཞེས་པའི་ལག་ལེན་བྱེད་སྒོ་དང“ལོ་རྒྱུས་དཔེ་ཆ་ཡུལ་ཤོག་དང་གྲོང་རྡལ་དུ་བསྐྱོད”ཅེས་པའི་བྱེད་སྒོ་ཁག་གཉིས་དར་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་དུ་སྤེལ་བ་རེད།

     ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གི་ཚབ་བྱས་ནས་ས་བདེ་གྲོང་རྡལ་ལ《དཀར་མཛེས་ཁུལ་གྱི་ལོ་རྒྱུས》《དཀར་མཛེས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་ལོ་རྒྱུས》《“ལོ་རྒྱུས་ལྔའི”ཤེས་བྱའི་དྲི་བ་དྲིས་ལན་བརྒྱ་ཐམ་པ》སོགས་ཀྱི་དཔེ་ཆ་ཞལ་འདེབས་སུ་ཕུལ་ཞིང་། ས་བདེ་གྲོང་རྡལ་ལ་ས་གནས་ལོ་རྒྱུས་ཀྱི་དཔེ་ཆ་མེད་པའི་སྟོང་ཆ་དེ་བསྐངས་ཡོད་པར་མ་ཟད། ས་བདེ་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་བར་མཐུན་རྐྱེན་བཟང་པོ་བསྐྲུན་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་བློ་རྟོགས་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་འཛུགས”བཅས་བླང་བྱར་བཟུང་ནས། སྡེ་ཁག་གི་དོན་དངོས་གཞིར་བཟུང་། དམངས་ལ་བྱ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་བརྩིས་ནས། ས་གནས་ལོ་རྒྱུས་ཀྱི་གྲུབ་འབྲས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ《དཀར་མཛེས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད》ལེགས་བསྒྲིགས་དང་ཕྱོགས་བསྒྲིགས། དཔེ་སྐྲུན་བཅས་བྱས་ཤིང་།《“ལོ་རྒྱུས་ལྔའི”ཤེས་བྱའི་དྲི་བ་དྲིས་ལན་བརྒྱ་ཐམ་པའི》དཔྱད་ཡིག་ཆེད་དེབ་མངགས་བཟོས་བྱས་ནས་རང་ཁུལ་གྱི“ལོ་རྒྱུས་ལྔའི”སློབ་སྦྱོང་སློབ་གསོར་རམ་འདེགས་བྱས་པར་མ་ཟད། ས་གནས་ལོ་རྒྱུས་ཀྱི་དཔེ་དེབ་དང་། ས་གནས་གནས་ཚུལ་གྱི་དཔེ་ཆ་བཅས་ལས་ཁུངས་དང་སློབ་གྲྭར་སྦྱིན་པའི་བྱེད་སྒོ་སྤེལ་བ་རེད། 

     ཐེངས་རྗེས་མར་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གིས་ས་གནས་ཀྱི་ལོ་རྒྱུས་རིག་གནས་ཀྱི“བདུན་སྐྱོད”བྱེད་སྒོ་མུ་མཐུད་སྤེལ་ནས་སྤྱི་ཚོགས་དང་མང་ཚོགས་ལ་ཞབས་ཞུ་ཡག་པོ་བསྒྲུབས་ཏེ“ལོ་རྒྱུས་ཉར་ཚགས་དང་། སྲིད་སྐྱོང་ལ་རོགས་སྐྱོར། མི་སྣ་གསོ་སྐྱོང་བཅས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ས་ཆུའི་གནོད་སྐྱོན་འགོག་སྐྱོབ་སྐོར་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10