ལོ་བརྒྱའི་གཟི་བརྗིད་བདེན་དཔང་བྱས་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ངར་སློང་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2021-07-14

རང་ཁུལ་གྱི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཚོགས་ཆེན་གྱི་དཔེ་བཟང་གི་འཐུས་མིར་བཅར་འདྲི་ཞུས།

དར་མདོ་གྲོང་ཁྱེར་གྱི་མགོ་བཏགས་སྨད་པ་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཚབ་བྱས་ནས་པེ་ཅིང་དུ་གཟེངས་བསྟོད་དང་ལེན་བྱེད་དུ་འགྲོ་མཁན་བྱང་ཆུབ་རྡོ་རྗེ་དང་། གདན་ཞུས་ལྟར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཚོགས་ཆེན་གྱི་མཛད་སྒོར་ལྟ་མཁན་རྟའུ་རྫོང་གི་རབ་བརྟན་ཆུང་རྣམ་གཉིས་ཀྱིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་མེས་རྒྱལ་ཧ་ཅང་སྟོབས་དང་ལྡན་པ་ཞིག་རེད་ཅེས་བསྔགས་བརྗོད་བྱས་པ་རེད།

བྱང་ཆུབ་རྡོ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། ཡུལ་སྡེ་དར་རྒྱས་གཏོང་བའི་ལས་ཀ་ཡག་པོ་ཏན་ཏིག་བསྒྲུབས་ནས་མི་སེར་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་དེ་བས་ཡོད་བཅུག་རྒྱུ་ཡིན་ཞེས་བཤད་པ་རེད།

སེམས་ལ་དད་མོས་ཡོད་ན་རྐང་འོག་ལ་སྟོབས་ཤུགས་ཡོད་ངེས་རེད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་ཡིན། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས། ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་སེམས་ལ་བརྟན་པོར་འཆང་། རང་འཁྲིའི་ལས་སར་གནས་ཏེ་ཏང་དང་རྒྱལ་ཁབ། མི་དམངས། སྤྱི་ཚོགས་བཅས་ལ་ཕན་པའི་བྱ་བ་སྔར་ལས་མང་པོ་བསྒྲུབ་རྒྱུ་ཡིན། བྱས་རྗེས་འཇོག་པའི་ཁྲོད་དུ་རང་ཉིད་འཐུས་ཚང་བཏང་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱས་མཐར། ཏང་དང་མི་དམངས་ཀྱིས་ང་ལ་སྤྲད་པའི་མཚན་སྙན་ལ་ངོ་གནོང་མི་དགོས་པ་བྱེད་པ་དང་རང་ཉིད་ཀྱི་གུང་ཁྲན་ཏང་མིའི་མཚན་སྣན་ལ་ངོ་གནོང་མི་དགོས་པ་བཅས་བྱ་རྒྱུ་ཡིན་ཞེས་རབ་བརྟན་ཆུང་གིས་དེ་ལྟར་བཤད་པ་རེད།།




  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་རྫོང་དུ་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་།
  • ལེ་ཚན་རྗེས་མ།:ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་དོན་ལ་གསོན་ཉམས་རབ་ཏུ་འབར།
  • དོ་སྣང་ཆེ་བའི་རྩོམ།