ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་རྫོང་དུ་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-07-14

སྤྱི་ཟླ7པའི་ཚེས9ཉིན། གཞི་རིམ་གྱི་ལས་ཡུལ་དངོས་སུ་ཞིབ་བཤེར་དང་ལྟ་སྐུལ་ཁྲིད་སྟོན་གྱི་ལས་ཀ་སྒྲུབ་བཞིན་པའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འཚེ་འགོག་ཟོན་ལ་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་ཚོགས་འདུ་གྲོལ་རྗེས། དེ་མ་ཐག་ཏུ་དཀར་མཛེས་རྫོང་གི་ཡུལ་དངོས་སུ་ཕེབས་ཏེ་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་དཔོན་ཧོང་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མགྱོགས་མྱུར་དུ་དོན་འཁྱོལ་བྱས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འབྲུབ་འགོག་གནོད་སེལ་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། མི་དམངས་གོང་བཀུར་དང་ཚེ་སྲོག་གོང་བཀུར་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འགོག་ཟོན་བྱེད་ཁའི་རྣམ་པ་རྒྱུན་འཁྱོངས་བྱས་པར་བརྟེན། ལས་ཀའི་བྱེད་ཐབས་དོན་འཁྱོལ་སྔར་བས་ཞིབ་ཕྲ་བྱེད་པ། ལས་ཀའི་འགན་འཁྲི་ནན་དེ་བས་དམ་ནན་བྱེད་། འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱས་ཏེ་འབྲུབ་འགོག་གནོད་སེལ་བྱ་རྒྱུ་དེ་དེང་སྐབས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་འགན་ལེན་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

དཀར་མཛེས་གྲོང་རྡལ་བཅིངས་འགྲོལ་ཁྲོམ་ལམ་གྱི་ཁྲི་ལོ་རིའི་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཡོད་པས་ཉེ་སྐོར་གྱི་དུད་ཚང198ཀྱི་མང་ཚོགས592ཀྱི་ཐོན་སྐྱེད་དང་འཚོ་བའི་ཉེན་ཁ་ལ་འཇིགས་སྐུལ་བཟོ་བཞིན་ཡོད་པར་བརྟེན། ཞའོ་ཡིའུ་ཚའེ་ཡུལ་དངོས་སུ་ཕེབས་ནས་ལས་གྲྭ་བཅོས་སྐྱོང་དང་འགོག་སྲུང་བྱེད་ཐབས།མང་ཚོགས་ཁ་འགྲེམས་བྱེད་སའི་ལམ་བུ། ཉེན་ཟོན་ཉེན་བརྡ་སོགས་དོན་འཁྱོལ་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། དཀར་མཛེས་རྫོང་གི་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་འཇོག་གནང་བ་རེད། ཁོང་གིས་དཀར་མཛེས་རྫོང་གིས་མི་དང་དངོས་རྫས། ལག་རྩལ་བཅས་ཀྱིས་འགོག་ཟོན་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཟབ་མོ་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་དང་། རྒྱུན་གཏན་གྱི་སྐོར་ཞིབ།དངོས་ཟོག་གྲ་སྒྲིག འཕྲལ་སྡོམ་ནང་སྦྱོང་། ཉེན་སེལ་རོགས་སྐྱོབ། སྤོ་སྒྱུར་ཉེན་གཡོལ་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ལ་འགན་ལེན་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་རིང་ཞའོ་ཡིའུ་ཚའེ་ཡིས་ད་ཆ་འབྲུབ་འགོག་གནོད་སེལ་གྱི་འགག་རྩའི་དུས་སྐབས་དང་དམ་འཛིན་བྱེད་སྒང་ཡིན་པས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་གྱིས་ད་ལོའི་འབྲུབ་འགོག་དུས་བབ་དང་ལས་འགན་ལ་ངོས་འཛིན་གང་ལེགས་དང་ཁོང་དུ་གང་ལེགས་ཆུད་པ་བྱས་ནས་འབྲུབ་འགོག་གནོད་སེལ་གྱི་བསམ་བློ་རྟག་ཏུ་བརྟན་པོ་བཅངས་ཏེ། འགན་འཁྲི་ཏན་ཏིག་བསྒྲུབས་ནས་འབྲུབ་འགོག་གནོད་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབས་ནས་བླ་ན་མེད་པའི་ཆབ་སྲིད་ཀྱི་འགན་སེམས་བཅངས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་བཤད་གནང་བ་རེད།།



  • ལེ་ཚན་སྔོན་མ།:དགོངས་དོན་གྱི་སྙིང་བཅུད་ལོན་པར་བྱས་ཏེ་མདུན་སྐྱོད་ཀྱི་སྟོབས་ཤུགས་རབ་ཏུ་སྡུད།།
  • ལེ་ཚན་རྗེས་མ།:ལོ་བརྒྱའི་གཟི་བརྗིད་བདེན་དཔང་བྱས་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ངར་སློང་བྱས།
  • དོ་སྣང་ཆེ་བའི་རྩོམ།