དགེ་རྒན་གྱི་དབྱར་དགུན་གནང་མེད་པར་གཏང་རྒྱུ་རེད་ཟེར་བ་བདེན་ནམ།

ཐུབ་ཀྱིས་བསྒྱུར།        2021-07-15

དགེ་རྒན་གྱི་དབྱར་དགུན་གནང་མེད་པར་གཏང་རྒྱུ་རེད་ཟེར་བ་བདེན་ནམ།

    སྤྱི་ཚེས13ཉིན་ལ། སློབ་གསོ་པུའུ་ཡིས་གསར་འགྱུར་འབྲེལ་གཏུག་གྲོས་ཚོགས་འཚོགས་ཏེ། འོས་འགན་སློབ་གསོའི་སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་དང་། དབྱར་གནང་གི་ཚབ་གཉེར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    གྲོས་ཚོགས་སུ་བསྟན་དོན། དབྱར་གནང་གི་ཚབ་གཉེར་ཞབས་ཞུའི་ཐད་ལ་སློབ་གྲྭས་མ་བསྐུལ་དང་ལེན་བྱེད་པ་དང་། སྤྱི་ཚོགས་ཞུགས་པ། དགེ་རྒན་གྱིས་དང་དུ་བླངས་པ་དང་། སློབ་མས་རང་མོས་བྱེད་པ། སྤྱི་ཕན་ཡོངས་ཁྱབ་ཡིན་པ་བཅས་ཀྱི་རྩ་བའི་བླང་བྱ་བརྩི་སྲུང་ཞུ་དགོས། དགེ་རྒན་དང་བླངས་པ་ཚབ་གཉེར་ཞབས་ཞུར་ཞུགས་པའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་ཅིང་། དགེ་རྒན་གྱི་ཁེ་ཕན་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས། དགེ་རྒན་གྱི་དབྱང་གནང་དུས་ཀྱི་ངལ་གསོ་དུས་ཚོད་འགན་སྲུང་ཐུབ་དགོས་ལ། དབྱར་གནང་སྐབས་སུ་སློབ་ཁྲིད་ཞིབ་འཇུག་དང་གསོ་སྦྱོང་གི་དུས་ཚོད་ཀྱང་འདང་ངེས་ཡོད་དགོས། དགེ་རྒན་གྱི་དབྱར་དགུན་གནང་མེད་པར་གཏང་རྒྱུ་རེད་ཟེར་བའི་བཤད་སྲོལ་ལ་གཞི་འཛིན་ས་མེད་པ་རེད།

   དབྱར་གནང་གི་ཚབ་གཉེར་ཞབས་ཞུ་ནི་གཙོ་བོ་དགོས་མཁོ་ཆེ་བའི་ཁྱིམ་ཚང་དང་སློབ་མར་ཕྱོགས་པ་ཡིན་ཞིང་། ཁྱིམ་བདག་དང་སློབ་མ་རང་མོས་ངང་ཞུགས་ཆོག་གི་རེད། ཚབ་གཉེར་ཞབས་ཞུའི་ལས་འགན་གཙོ་བོ་ནི་ལྟ་སྲུང་བྱ་རྒྱུ་ཡིན་ལ། ཐུན་མོང་གི་རྩེད་མོའི་བྱེད་སྒོ་དང་རིག་རྩལ་བྱེད་སྒོ། དཔེ་ཀློག་ཁྲིད་སྟོན། ཕྱོགས་འདུས་ལག་ལེན། དགའ་ཕྱོགས་རྒྱ་སྐྱེད། ལས་བྱ་ཟུར་ཁྲིད་བཅས་ཀྱི་ཞབས་ཞུ་ལུགས་དང་མཐུན་པ་རྩ་འཛུགས་ཀྱང་བྱེད་ཆོག། ཡིན་ན་ཡང་ཐུན་མོང་གི་གསབ་ཁྲིད་དང་སློབ་ཚན་གསར་པ་ཁྲིད་པ་སོགས་སྒྲིག་འཛུགས་བྱེད་མི་ཆོག། ཁ་ཤས་ཀྱིས་དབྱར་གནང་གི་ཚབ་གཉེར་ནི་སློབ་དུས་གསུམ་པ་རེད་ཟེར་བ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་རེད།

    སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་དེ་ད་ལོའི་སྟོན་དུས་སློབ་མགོ་ཚུགས་པ་ནས་བཟུང་འོས་འགན་སློབ་གསོའི་སློབ་གྲྭ་ཡོངས་ལ་ཁེབས་པ་བྱ་རྒྱུ་དང་། སློབ་མ་དགོས་མཁོ་ཐུག་པ་ཐམས་ཅད་ལ་ཁེབས་གང་ཐུབ་བྱ་རྒྱུ་རེད། སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་དེ་ལྔ་ཐོག་གཉིས་བསྣན་པའི་བྱེད་ཐབས་སྤྱད་པ་སྟེ། སློབ་གྲྭས་གཟའ་འཁོར་རེའི་ཉིན་ལྔ་ཚང་མ་ལ་སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་སྤེལ་རྒྱུ་དང་། ཉིན་རེར་མ་མཐའ་ཡང་ཆུ་ཚོད2སྤེལ་བ་དང་། གྲོལ་བའི་དུས་ཚོད་ནི་ས་གནས་དེ་གའི་ལས་ཀ་གྲོལ་བའི་དུས་ཚོད་དང་འབྲེལ་མཐུད་བྱ་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སི་ཁྲོན་དུ་གཟིགས་ཞིབ་ཕེབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།