འོད་གྲུ། 2020-07-15
ཀ་ཡེ་གྲོགས་པོ།
དགུན་གཞུང་འདིར་བདག་གིས་ཁྱོད་ལ་ལྷ་སྒྲུང་ལྟ་བུའི་
སྙན་ངག་གི་འཇིག་རྟེན་ཞིག་བྲིས་ཡོད།
སྙན་ངག་དེའི་མིང་ལ་དགུན་གཞུང་གི་ཁ་བ་ཟེར།
ཀ་ཡེ་གྲོགས་པོ།
ནམ་ཟླ་འདིར་བདག་གིས་ཁྱོད་ལ་བཅོས་མིན་གྱི་མེ་
ཏོག་ཅིག་ཕུལ་ཡོད།
འདི་ནི་དྲི་མས་མ་གོས་པའི་ཟླ་བ་བཅུ་པའི་མེ་ཏོག་ཅིག
མེ་ཏོག་དེའི་མིང་ལ་ཡིད་འོང་གི་མཛེས་སྡུག་ཟེར།
ཀ་ཡེ་གྲོགས་པོ། རྒྱང་རིང་རྒྱང་རིང་ནས་
བདག་གིས་ཁྱོད་ལ་ཡིད་འོང་གི་སྙན་ངག་ཅིག་བྲིས་ཡོད།
སྙན་ངག་དེའི་མིང་ལ་དྭངས་གཙང་གི་འཇིག་རྟེན་ཟེར།
ཀ་ཡེ་གྲོགས་པོ། རབ་ཐག་རི་ལུང་གིས་བཅད་ཀྱང་།
སྙན་ངག་གི་འཚོ་གཞིས་ནས་དགའ་སྡུག་གི་འཚོ་བ་
གཅིག་ཏུ་འདྲེས་ཡོད།
ཀ་ཡེ་གྲོགས་པོ། ཚིག་གི་མེ་ཏོག་དང་དབྱངས་ཀྱི་
རྨི་ལམ་ལྟ་བུའི་མཛེས་སྡུག་གིས་བཞད་པའི་སྙན་ངག་
རེ་རེ་ནི་འུ་གཉིས་བར་གྱི་སྐད་ཆུའི་མ་ཡུམ་དེའོ།།
རྩོམ་གསར། 10