རང་ཉིད་བོར་བའི་སློབ་ཆེན་པའི་སྡེ།(3)

(ཏཱ་ནི་སྨྱུ་གུས།)        2011-09-01

དོན་ངོ་མར་དཔེ་ཆ་ཤོག་ཧྲུལ་ཉོ་མཁན་ལ་བཙོང་བའི་དུས་ལ་སླེབས་མེད་པའི་སློབ་གླིང་གི་སློབ་མ་འགའ་ཤས་ཤིག་གིས་གྲུ་ཟུར་གང་རུང་ཞིག་ན་ས་རྡུལ་དང་གད་སྙིགས་ཁྲོད་ལ་འཐིམས་པའི་བསླབ་གཞི་དེ་དག་ཀྱང་ནམ་ཞིག་དུད་ཆང་གི་སློབ་ཡོན་དུ་བཙོང་རྩིས་ཡོད་དམ།  ཡང་ན་དཔེ་ཆ་ནི་ལག་ལེན་དང་བར་ཐག་ཆེ་རུ་སོང་བའི་གཞུང་ལུགས་ཤིག་རེད་སྙམ་པའི་འདུ་ཤེས་འཁྲུལ་མེད་ཅིག་སྐྱེས་སོང་བ་ཡིན་ནམ།  འདི་ནི་ང་ཚོའི་མི་རིགས་འདིའི་བདེ་སྡུག་དང་འབྱུང་འགྱུར་ཕྲག་ལ་བབས་ཡོད་པའི་སློབ་ཆེན་པ་མང་དག་ཅིག་གི་ལག་ལེན་བྱེད་སྟངས་དང་གོམས་ལུགས་གསར་པ་ཞིག་རེད།  ཡང་དགོས་ང་ཚོས་ཅི་ཞིག་ལ་འཚོ་གནས་ཀྱི་འགན་འཁྲི་དང་གང་ཞིག་ལ་འཚོ་གནས་ཀྱི་སྤྲོ་སྣང་ཟེར་བ་མ་ཤེས་པའི་རྨོངས་གཤིས་ཤིག་ཨེ་རེད།  ང་ཚོའི་སློབ་བུ་ཁ་ཤས་ཤིག་རི་མཐོ་ལུང་སུལ་ན་ཡོད་པའི་ཕྱུགས་རྫི་ཚོ་དང་ཞིང་ཁ་ཡུར་ཁ་ན་མཆིས་པའི་ཞིང་པ་ཚོ་ལའང་མི་དོ་བར་སྣང་།  ཁོ་ཚོས་ཅིས་ཀྱང་རང་རང་སྔུན་གྱི་དོན་བྱ་ཙག་ཙིག་ལ་བརྩོན་ལེན་བྱེད་པ་བདེན་དཔང་ནུས།  དུ་དུང་ལག་ལེན་དངོས་ཀྱི་སྟེང་ཁོ་ཚོ་ལ་ང་ཚོ་ལས་དང་བླངས་ཀྱི་མིག་ཤེས་དང་ལས་དོན་གང་ལའང་འགན་ཁུར་གྱི་འདུ་ཤེས་ཧ་ཅང་ཆེ་བར་སྣང་བར་སེམས།  གང་ལྟར་ལས་དོན་གང་ལ་འཇུག་འདོད་ཀྱི་སྙིང་སྟོབས་མཆིས་ཀྱང་རྩ་བ་དང་ཡལ་ག་བོར་བའི་ལག་ལེན་དང་འདུ་ཤེས་ནི་ཤིན་ཏུ་འཕངས་དགོས་པ་ཞིག་མ་ཡིན་ནམ།།
  • ལེ་ཚན་སྔོན་མ།:ཨ་མར་འཕུལ་བའི་སེམས་འཕྲིན།
  • ལེ་ཚན་རྗེས་མ།:ཨ་མ་མགོན་མོ།-དྲིན་ཆེན་མ་ལོར་ཕུལ་པ།