རང་ཉིད་བོར་བའི་སློབ་ཆེན་པའི་སྡེ།(2)

(ཏཱ་ནི་སྨྱུ་གུས།)        2011-09-01


དོན་ངོ་མ་བཤད་ན་འཇིག་རྟེན་པ་ཡོད་ཚད་འཚོ་གནས་ཀྱི་ཕྱིར་དུ་ཡོང་པ་བདེན་དོན་རེད་ལ།  འཚོ་གནས་ལ་སྤྲོ་སྣང་མེད་ན་སྙིང་པོ་མེད་པ་ཡང་བདེན་རེད།  འོན་ཀྱང་ཅི་ཞིག་ལ་འཚོ་གནས་ཀྱི་བདེན་དོན་དང་འཚོ་གནས་ཀྱི་སྤྲོ་སེམས་ཟེར་རམ།       བདག་གིས་བསམ་ན་འཚོ་གནས་ཀྱི་འགན་འཁྲི་མེད་པའི་འཚོ་གནས་ནི་ཧ་ཅང་དགོད་བྲོ་བ་ཞིག་རེད།  འཚོ་གནས་ཀྱི་འདུ་ཤེས་ནོར་བའི་སྤྲོ་སྣང་ནི་དེ་བས་ཀྱང་ཞེ་མེར་བ་ཞིག་ཅི་ལ་མིན།  དོན་དུ་ང་ཚོ་འཚོ་གནས་སུ་ཞུགས་པའི་ན་གཞོན་ཏག་ཏག་ཡིན་ཡང་།  འཚོ་གནས་ཀྱི་བདེན་དྲང་དང་སྤྲོ་སྣང་རྟོགས་མཁན་ག་ཙམ་མཆིས།  མདོར་ན་ང་ཚོ་དེ་ལྟ་བུའི་ཤེས་རྩལ་དང་འཇོན་ཐང་མེད་སོང་བ་གཏན་ནས་མ་ཡིན་ལ།  ང་ཚོའི་ཀླད་པའི་ནང་དངོས་དོན་ལ་དཔྱོད་པའི་རྩ་ལམ་ཞིག་འགག་སོང་བའི་ལན་ཡིན་པ་རེད་སྙམ།  ཞོགས་གཞན་ཞིག་ནས་ང་ཚོའི་སློབ་ཆེན་ཡིན་ཟེར་མཁན་མང་པོ་ཞིག་གི་སྣང་ངོ་ན་རང་ཉིད་ཟེར་བ་ཞིག་དངོས་གནས་མེད་པ་འདྲ།  སྐུ་ཞབས་ཞོགས་དུང་ལགས་ཀྱིས་སློབ་ཆེན་པ་རྣམས་མཐར་ཕྱིན་ལ་ཉེ་བ་ན།  ཁོ་ཚོས་འབྲེལ་ཡོད་ཀྱི་འགྲོ་ལུགས་མཐའ་དག་བསྒྲུབས་ཚར།  ཁོ་ཚོར་མཚོན་ན་བྱ་བ་ཞིག་ཅི་རེག་གམ་སྙམ་པའི་སེམས་ཁུར་ལས་གཞན།  མཇུག་མཐའི་དོན་བྱ་ཉག་གཅིག་ནི་མལ་ཐུལ་དང་མལ་སྟན་བསྒྲིལ་ཏེ་རང་རང་སོ་སོའི་གནས་སུ་བགྲོད་འགྲོ་བ་དེ་རེད།  གོ་ཐོས་ལྟར་ན།  དུས་དེར་སློབ་མ་ལ་ལས་མི་ལོ་བཞི་ནས་ལྔའི་བར་སྦྱངས་ཤིང་བལྟས་པའི་སློབ་གཞི་དང་ཟུར་ལྟའི་དཔེ་ཆ་ཚང་མ་གཅིག་ཀྱང་མ་ལུས་པར་ཤོག་ཧྲུལ་ཉོ་མཁན་ལ་བཙོང་སྐད།  དཔེ་ཆ་ཤོག་ཧྲུལ་དུ་བཙོངས་པའི་དོན་ཕྲན་ཚེགས་དེས་ཡང་སྙིང་ཅི་ཞིག་མཚོན་ནམ་ཟེར། 

  • ལེ་ཚན་སྔོན་མ།:ཨ་མར་འཕུལ་བའི་སེམས་འཕྲིན།
  • ལེ་ཚན་རྗེས་མ།:ཨ་མ་མགོན་མོ།-དྲིན་ཆེན་མ་ལོར་ཕུལ་པ།