ཆང་ཕོར་ནང་གི་དྲན་སྣང་ལྡབ་ལྡིབ།

ཨ་ནུ་དད་ཞེན།        2021-04-23

   ཡོད་ཚད་ནས་ཡོད་ཚད་རྨི་ལམ་དང་འདྲ་བར་མཐོང་སྣང་ཁོ་ན་ལས་ཡལ་ཡང་། ཁ་ཁུ་སིམ་པའི་སེམས་པ་སྨྲ་བ་མེད་པར་ད་དུང་ཡང་ཁྱོད་ཀྱི་བཞག་པའི་བག་ཆགས་ལ་ཞེ་དྲེགས། ཡིན་ནའང་། འདས་ཟིན་པ་ཕྱིར་ཡོང་མེད་པ་ངའི་ཅིས་ཀྱང་ལོས་ཤེས། འོན་ཏེ། དངོས་གནས་དྲན་པ་ལ་རང་དབང་མི་འདུག

   སྤྱིར་ནང་མ་ཁང་གི་མི་ཚོགས་དང་བཟི་སྣང་ལ་ང་ཆ་རྒྱུས་ཡེ་ནས་མེད་ཀྱང་།སེམས་ངལ་ཞིག་གམ། མིག་ཆུའི་སྐྱོ་སྣང་གི་ཟློས་གར་ཞིག་གིས་འདི་ལྟར་འགྱུར་ལྡོག་ཐེངས་གཅིག་ཐེབས།

ད་ཆ་ནང་མ་ཁང་གི་མི་ཚོགས་སྔར་ལྟར་མོད་ནའང་། ང་ཁེར་ཧྲེང་ངེར་ཆང་ཕོར་ལ་དྲན་པ་གླན་ནས་སྐྱོ་སྣང་གླེང་།ཡིན་ཡང་། ཡིག་འབྲུ་གང་གིས་ཀྱང་མཚོན་མི་ཐུབ་པའི་དྲན་སྣང་ཁེར་རྐྱང་བ་དེ་ལྦུ་བ་སོབ་སོབ་དང་བསྡོངས་ནས་དྲན་ངོགས་ལ་གླན།

   ཡོད་ཚད་རང་ཉིད་ལས་མགོ་བརྩམས་ཤིང་རང་ཉིད་ལས་མཇུག་བསྡུས་པའི་འཁང་ར་དང་ལེ་བདའ་སུ་ལའང་མེད། དེའི་རྐྱེན། མིག་ཆུ་དང་དྲན་པ་ལ་རང་ཉིད་ལས་བདག་པོ་མེད་པ་མངོན་ཤེས་སུ་གྲུབ།

དེ་བས་མིག་ཆུ་མི་འདོན།ཆང་ཕོར་བ་འདི་གཙང་བཞེས་གནང་རོགས།

    ཆང་ཕོར་ལས་སྦངས་པའི་ལོ་ཟླའི་དྲན་ཤིང་རིང་མོ་ཞེ་ངོགས་ནས་ག་ལེར་མྱོང་ན། གྱེས་བྲལ་ནི་ལོ་ཟླས་ཁ་ཚག་ཡིན་ནམ་བལྟས་དབང་གཞན་ཞིག། གང་ལྟར་སེམས་པའི་སྙི་བར་ནས་ན་ཟུག་རྡོག་རྡོག་ཞིག་དང་སེམས་ངལ་ཡན་གར་བ་ཞིག འོན་ཏེ། ཆང་ཕོར་དང་ལྷན་དུ་ངའི་མིག་ཆུ་འདོན་མི་སྲིད།



  • ལེ་ཚན་སྔོན་མ།:ཀླུ་མོ་དཀར་མོ་ལ་ཕུལ་བའི་འཕྲིན་ཡིག
  • ལེ་ཚན་རྗེས་མ།:ང་ཚོས་འཇིག་རྟེན་ཁམས་ཆེན་པོ་འདིར་རོལ་མྱོང་ཞིག་བྱེད་དགོས་ན་ཡང་སྙིང་ཅི་ཞིག་འཚོལ་དགོས་སམ།