རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས2024ལོའི་སློབ་སྦྱོང་གྲོས་ཚོགས་ཐེངས་དང་པོ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2024-01-22


སྤྱི་ཟླ་དང་པོའི་ཚེས12ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་ཁུལ་སྲིད་གཞུང་ཏང་ཚན་ཁག་གི་ལྟེ་གནས་ཚོ་ཆུང་གི2024ལོའི་སློབ་སྦྱོང(རྒྱས་འཛོམས)གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། གྲོས་ཚོགས་སུ་ཞི་ཅིན་ཕིང་གི་ཏང་ལེགས་སྐྱོང་སྐོར་གྱི་དགོངས་དོན་གལ་ཆེན་དང་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ལེགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་གྱི་དོན་སྙིང་གཙོ་བོ་དང་ལག་ལེན་དངོས་ཀྱི་བླང་བྱ་འཕྱུགས་མེད་ཁོང་དུ་ཆུད་པར་དམིགས་ཏེ་སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་མཐའ་འཁྱོངས་ཏེ། ལས་ཕྱོད་ཆེ་ཞིང་སྤྱོད་གཙང་གི་མི་དམངས་སྲིད་གཞུང་འཛུགས་པའི་གཙོ་དོན་གཏམ་བཤད་སྤེལ་རེས་བྱས་པ་རེད།

ཚོགས་འདུར་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སྦྱངས་པ་དང་ཁུལ་སྲིད་གཞུང་ཏང་ཚན་ཁག་གི་ཁོངས་མི་ཁྲེན་པོ་ཐའོ་དང་། ཧོ་ཞའོ་ཕིང་། ཝང་ཅུན་བཅས་ཀྱིས་ཚོགས་འདུའི་གཙོ་དོན་ལ་དམིགས་ནས་གཏམ་བཤད་སྤེལ་རེས་བྱས་ཤིང་བློ་མཐུན་གཞན་དག་གིས་ཡིག་ཐོག་ནས་ཕུལ་ཡོད།

ཧྥུང་ཧྥ་ཀུའེ་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དུ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ་དང་། ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་བའི་དགོངས་པ་གལ་ཆེན་རྒྱས་བཤད་གང་ལེགས་བྱས་ཤིང་། རང་རེའི་ཏང་གིས་རང་ཉིད་གསར་བརྗེ་བྱ་དགོས་དོན་གང་ཡིན་པ་དང་། རང་ཉིད་གསར་བརྗེ་བྱེད་ཐུབ་དོན་གང་ཡིན་པ། རང་ངོས་གསར་བརྗེ་ལ་སྐུལ་འདེད་ཇི་ལྟར་གཏང་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་པར་མ་ཟད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་པོ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་སྒྲིག་ཁྲིམས་ཀྱི་བླང་བྱར་བསྒྱུར་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བསམ་ཕྱོགས་དང་བྱ་ཐབས་དེ་བས་ཚན་རིག་དང་མཐུན་པ་དང་། ནན་ཚགས་དམ་པོ། ནུས་ལྡན་བཅས་ཡོང་བ་བྱས་ཡོད། རིམ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ནན་ཏན་དང་ལག་བསྟར་དམ་འཛིན་ཡག་པོ་བྱ་དགོས་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་《སྲོལ་ཡིག》དེ་ལས་སྒྲུབ་ལས་གཏོད་དང་མི་དང་མིའི་བར་གྱི་འབྲེལ་བ་མཐུན་པའི་རྩ་དོན་དང་མཐིལ་ཚད་ཀྱི་འགྱུར་མེད་བླང་བྱ་ཞིག་ཏུ་བརྩིས་ནས་ཕན་ཚུན་བསྡུར་རེས་བྱེད་པ་དང་སྟེས་དབང་གི་བསམ་ཚུལ་འཛིན་པ། དོ་སྙོམས་མེད་པའི་སེམས་ཁམས་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་རང་ཉིད་ལ་དོ་དམ་ཡག་པོ་དང་། ཚན་ཁག་ལ་དམ་འཛིན་ཡག་པོ། དཔུང་ཁག་ལ་སྣེ་ཁྲིད་ཡག་པོ། མཐིལ་ཚད་ཡག་པོ་སྲུང་བ་བཅས་བྱ་དགོས།

ཧྥུང་ཧྥ་ཀུའེ་ཡིས་ཏང་ལེགས་སྐྱོང་ལ་ཤུགས་རྒྱག་པ་དང་རང་ཉིད་གསར་བརྗེ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ནས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་སྐྱེ་ཁམས་སྔོན་ལ་སྤེལ་བ། འབྱུང་འཕྲོད་འཕེལ་རྒྱས་སོགས་ཀྱི་འདུ་ཤེས་དགེ་མཚན་ལྡན་པའི་ཐོན་ཁུངས་གསར་དུ་སྤེལ་བའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱས་ཏེ། ཚོད་འཛིན་གྱི་ཆ་རྐྱེན་གསར་པའི་འོག་ཏུ་འཕེལ་རྒྱས་སྤུས་ཚད་མཐོན་པོར་དམ་འཛིན་བྱེད་པའི་ནུས་པ་དངོས་གནས་ཇེ་ཆེར་གཏོང་བ་དང་། མཐུན་རྐྱེན་ཐོན་ཁུངས་དེ་ཐོན་ལས་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆ། དམངས་ཕྱུག་གི་ལེགས་ཆ་བཅས་སུ་བསྒྱུར་བར་བསྐུལ་ཏེ། མཉམ་དུ་ཕྱུག་འབྱོར་ཡོང་བར་སྔར་བས་མངོན་གསལ་གྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཤུགས་ཆེན་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་རྟའུ་རྫོང་དུ་བརྟག་ཞིབ་གནང་སྐབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།