ཧྲེན་དབྱང་གིས་རྟའུ་རྫོང་དུ་བརྟག་ཞིབ་གནང་སྐབས།

ལྷ་འཛོམས་ཀྱིས་བསྒྱུར།        2024-01-17

   ཧྲེན་དབྱང་གིས་རྟའུ་རྫོང་དུ་བརྟག་ཞིབ་གནང་སྐབས།

 སྤྱི་ཟླ་དང་པོའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྟའུ་རྫོང་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་བར་ཕེབས་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་རྒྱུན་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་དམ་འཛིན་གྱིས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བ་དང་ཁྱོན་ཡོངས་ནས་ཇེ་བརྟན་དུ་གཏོང་བ། ཁྱོན་ཡོངས་ནས་མཐོར་འདེགས་གཏང་རྒྱུར་བསྐུལ་ནས་དཀར་མཛེས་ཁུལ་གྱི་ཏང་གི་སྲིད་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་ལེའུ་ཡག་པོ་རྩོམ་པར་རྩ་འཛུགས་ཀྱི་འགན་སྲུང་སྲ་བརྟན་ཞིག་འདོན་སྤྲོད་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

དཔལ་སྨད་གྲོང་རྡལ་དང་ཆུ་བར་གྲོང་སྡེར་ཧྲེན་དབྱང་གིས་གྲོང་རྡལ་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་དོན་ལས་སྒྲུབ་པ་དང་སྐད་ཆ་སྤེལ་རེས་ཟབ་མོ་གནང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་ཀྱི་སྙིང་དོན་སྒྲོག་འགྲེལ་བྱས་པ་དང་།གཙོ་དོན་སློབ་གསོ་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྙན་ཞུ་གསན་པ་དང་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་ཁྲོད་ལྷག་པའི་ཞན་ཆ་དང་མི་འདང་སར་ཆ་རྒྱུས་ཞིབ་ཕྲ་གནང་ཞིང་། ཇི་ལྟར་བྱས་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་ལས་དོན་ཁག་ལ་སྣེ་ཁྲིད་དེ་བས་ལེགས་པ་བྱས་ཏེ་ཟམ་མི་ཆད་པར་ཡར་ཐོན་ཡོང་བར་བླང་བྱ་དང་རེ་བ་གསར་པ་བཏོན་ཡོད།

གསེར་ཁ་ཡུལ་ཤོག་ཏུ་སི་ཁྲོན་ཞིང་ཆེན་གྱི2024ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་ལས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་དཀར་མཛེས་ཁུལ་ཡན་ལག་ཚོགས་རའི་བྱེད་སྒོར་ཞུགས་རྗེས། ཧྲེན་དབྱང་དཔལ་སྨད་ཞིང་ལས་ཚོད་ལྟའི་ར་བ་དང་དཔལ་སྨན་ཡུལ་མིའི་ཡུལ་སྐོར་སྣེ་ལེན་ཁང་དུ་བསྐྱོད་དེ་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད།

ལུང་བསྟན་ཡུལ་ཤོག་ལའུ་ཐང་དགོན་དང་དཔའ་སྨད་གྲོང་རྡལ་གསེར་མཁར་དགོན་དུ་བརྟག་ཞིབ་གནང་སྐབས་ཧྲེན་དབྱང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་གཞི་རིམ་གྱི་ཆོས་ལུགས་ལས་དོན་དོ་དམ་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད། ཁོང་གིས་རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་མཐུན་སེམས་མཐུན་ཡོང་བ་བྱས་ནས་རྒྱལ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ། ཏང་ཨུ་དང་སྲིད་གཞུང་གི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བཅས་བྱས་ནས་ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་དགོས་པའི་ལྕག་སྐུལ་གནང་བ་རེད། ཁོང་གིས་ས་གནས་དེའི་ཏང་ཨུ་དང་སྲིད་གཞུང་ལ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་ཏང་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་ཞིང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

བརྟག་ཞིབ་གནང་རིང་། ཧྲེན་དབྱང་གིས་ད་དུང་དཔལ་སྨད་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང་གི་འཛུགས་སྐྲུན་བྱས་ཚུལ་ལ་ཤེས་རྟོགས་གནང་བ་དང་།ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལིའུ་ཅེ་ཁང་ལ་འཚམས་འདྲི་གནང་བར་ཕེབས་ཤིང་། ཁོང་བརྒྱུད་ནས་ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བྱམས་བརྩེའི་འཚམས་འདྲི་གནང་བར་མ་ཟད། ཚང་མར་འཐུས་མིའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག། གཞི་རིམ་གྱི་དམངས་འཚོའི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དོ་ཁུར་ཧུར་ཐག་བྱས་ནས་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་གྲོས་འགོ་དེ་བས་མང་བ་བཏོན་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཞིང་ཆེན་དང་ཁུལ་གྱི་ཚོགས་འདུ་གཉིས་འཚོག་པར་བསུ་བ་ཞུ་དགོས་པའི་ལྕག་སྐུལ་གནང་བ་རེད། ཧྲེན་དབྱང་ད་དུང་ལོ89ལ་སླེབས་པའི་ཏང་མི་རྒན་གྲས་དབྱང་ཞུའེ་ཐིང་གི་ཁྱིམ་དུ་འཚམས་འདྲིར་ཕེབས་པ་དང་།དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་རིམ་ཁག་སྡེ་ཚན་ཁག་གིས་བརྩེ་སེམས་བཅངས་ནས་ཏང་མི་རྒན་གྲས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ། ཁོང་ཚོར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་ཧུར་ཐག་སེལ་བ། ཏང་མི་རྒན་གྲས་དང་ལས་བྱེད་པ་རྒན་གྲས། དཔེ་བཟང་རྒན་གྲས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁོང་ཚོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ནས་བདེ་སྐྱིད་དང་བདེ་ཐང་ངང་ཚེ་མཇུག་གི་འཚོ་བ་རོལ་ཏུ་བཅུག་པ་བྱ་དགོས་པའི་ནན་གསུང་གནང་བ་རེད།

ཁུལ་མགོ་ཁྲིད་ཀྲང་ཐུང་རུང་དང་ཡིའུ་ཞང་ཧྥེ། ལི་ཆང་བཅས་དང་། རྟའུ་རྫོང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཁག་བགོས་ནས་བརྟག་ཞིབ་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་ཉ་མགོ་གྲོང་སྡེའི་ཡུལ་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།