སི་ཁྲོན་ཞིང་ཆེན་གྱི2024ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་ཡུལ་དངོས་སྐུལ་སྤེལ་བྱེད་སྒོ་སྤེལ།

བདེ་སྐྱིད་ཀྱིས་བསྒྱུར།        2024-01-17

སྤྱི་ཟླ་དང་པོའི་ཚེས11ཉིན། སི་ཁྲོན་ཞིང་ཆེན་གྱི2024ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་གྱི་ཡུལ་དངོས་སྐུལ་སྤེལ་བྱེད་སྒོ་སྤེལ་བ་རེད། རང་ཁུལ་གྱིས་རྟའུ་རྫོང་གསེར་ཁ་གྲོང་སྡེར་དཀར་མཛེས་ཡན་ལག་ཚོགས་ར་གཉེར་ནས་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་ཀུའོ་ཞུས་ཡོན་དཀར་མཛེས་ཡག་ལག་ཚོགས་རའི་ནང་ཞུགས་པ་རེད།

ཧྲེན་དབྱང་གིས་བརྙན་ལམ་འབྲེལ་མཐུད་ཚོགས་ར་གཙོ་བོར་རང་ཁུལ་གྱི་གལ་ཆེན་ལས་གཞིར་སྐུལ་འདེད་བཏང་ཚུལ་སྙན་སེང་ཞུས་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱི་ཐེངས་འདིའི་ལས་གཞི་གལ་ཆེན་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ནང་བཅུག་པའི་ལས་གཞི25ཡོད་པས། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར164.7འཇོག་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྐུལ་སྤེལ་གཏོང་བའི་གལ་ཆེན་ལས་གཞིའི་ནང་རྨང་གཞིའི་སྒྲིག་བཀོད་རིགས་ཀྱི་ལས་གཞི13ཡོད་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར160.81འཇོག་པ་དང་། ཐོན་ལས་འཕེལ་རྒྱས་རིགས་ཀྱི་ལས་གཞི5ཡོད་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.13འཇོག་ཡོད། དམངས་འཚོ་དང་སྤྱི་ཚོགས་རིགས་ཀྱི་ལས་གཞི5ཡོད་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.80འཇོག་ཡོད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་རིགས་ཀྱི་ལས་གཞི2ཡོད་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར0.96འཇོག་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།