ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༥

སྐལ་ཐུབ་ཀྱིས་བསྒྱུར།        2024-01-09

   ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༥

  རིག་གནས་ནི་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་རིག་རྩལ་ནི་དུས་རབས་ཀྱི་དུང་བརྡ་ཡིན། གནའ་མིས་རྩོམ་མཁན་ནི་ལུགས་བཟང་སྤེལ་བའི་སྣོད་ལྟ་བུ་ཡིན་ཞེས་གསུངས་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་པ་ནི་དེང་རབས་ཀྲུང་གོའི་རིག་རྩལ་གྱི་ལོ་རྒྱུས་ཁ་ཕྱོགས་རེད། རིག་རྩལ་ལས་དོན་པ་རྒྱ་ཆེན་གྱིས་མི་རིགས་བསྐྱར་དར་གྱི་དུས་རབས་གཙོ་དོན་ཁོང་དུ་ཆུད་པ་བྱས་ནས། མི་ཚེ་དོན་གཉེར་དང་སྒྱུ་རྩལ་གྱི་ཚེ་སྲོག་རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བསམ་འདུན་དང་ཟུང་འབྲེལ་དམ་ཟབ་བྱེད་ཅིང་། རིག་གནས་ཀྱིས་བྱ་གཞག་སྤེལ་བ་དང་རིག་གནས་ཀྱིས་གཞི་རྩ་སྐྱོང་བ། རིག་གནས་ཀྱིས་ཚད་གཞི་འབེབས་པ། རིག་གནས་ཀྱིས་བླ་སྲོག་བསྐྱངས་ཏེ། རིག་རྩལ་གསར་རྩོམ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་དང་མི་དམངས་འབད་འཐབ་ཀྱི་ལམ་བུར་བྲི་དགོས། 

  2021ལོའི་ཟླ་བ12ཚེས14ཉིན་ལ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༣
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།