མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།

གསར་འགོད་པ་ཨོ་རྒྱན་གྱིས་བྲིས་ཤིང་པར་བླངས།        2024-01-03

   མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།

   སྤྱི་ལོ2023ལོའི་ཟླ་བ12པའི་ཚེས30ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་བྱས་ཤིང་། བྲག་མགོ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་དང་། ཁྲེང་ཏུའུ་གངས་རིན་པོ་ཆེ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་སྒྲུབ་འགན་འཁུར་བའི་མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱི་བརྩམས་ཆོས་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《མཚོ་བོད་མཐོ་སྒང་གི་མི་དང་རང་བྱུང་ཁམས》ཞེས་པའི་རྒྱ་ཡིག་པར་མའི་པོད་ཆེན་ཞིག་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》(དེབ་སྟོད་སྨད་བར་གསུམ)གྱི་བདག་ཉིད་ཅན་འདི་དག་གི་དེབ་གསར་འགྲེམ་སྤེལ་མཛད་སྒོ་དང་རིག་གནས་སྤེལ་རེས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།

    ཚོགས་འདུར་བོད་ལྗོངས་མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དང་ཆེད་མཁས་པ། དགོན་སྡེ་སོ་སོ་ནས་ཕེབས་པའི་གྲྭ་བཙུན་དང་སློབ་ཆེན་ཁག་གི་སློབ་མ། ཞིང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་འཕྲིན་སྦྱོར་སྡེ་ཁག་སོགས་ཀྱི་མི་སྣ་བརྒྱ་ལྷག་ཞུགས་ཡོད་པ་རེད།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།

     ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཟུར་པ་ཚེ་པོ་ལགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་སོའོ་ཡི་སྤྱི་ཁྱབ་ལས་འཛིན་གཞོན་པ་སོའོ་ཀྲང་། འབུམ་རམས་པ་དགེ་ལེགས་གཉིས་ཀྱིས་ཤིས་ཚིག་ཕུལ། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་མགོ་གཙོ་གཞོན་པ་དབྱང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་བྱས། རྩོམ་པ་པོ་མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱིས་ཐེངས་འདིའི་དེབ་གསར་འགྲེམ་སྤེལ་བྱས་པའི་དེབ་འདི་དག་གི་ནང་དོན་ནི་བོད་ཀྱི་རིག་གནས་སྐོར་དང་ལོ་རྒྱུས་སྐོར། ཆོས་ལུགས་ཀྱི་སྐོར། མི་སྣའི་སྐོར། ལྷག་པར་ཡ་ཐོག་གི་ལོ་རྒྱུས་སྐོར་མང་པོ་བཀོད་ཡོད། རྒྱུ་ཆ་ནི་རྒྱ་བོད་ཡིག་གི་རྒྱུ་ཆ། གནའ་རྫས་སྐོར། དམངས་ཁྲོད་དུ་ཡོད་པའི་ཆོ་ག་དང་གཏམ་རྒྱུད་སོགས་རྒྱུ་ཆ་མང་པོ་ལོ་ངོ་བཅོ་ལྔ་ཡས་མས་ཤིག་ལ་དཀའ་ལས་བརྒྱབ་ཏེ་འཚོལ་སྡུད་བྱས་ནས་གྲུབ་པ་ཡིན་ཚུལ་སོགས་ཀྱི་གསུང་རྩོམ་མཛད་པའི་བརྒྱུད་རིམ་དང་བཀའ་དྲིན་ཞུ་བའི་གསུང་བཤད་གནང་། ཚོགས་འདུར་ཞུགས་མ་ཐུབ་པའི་དགེ་རྒན་ཆེན་མོ་ཨ་ཚོགས་སོགས་ཀྱིས་དྲྭ་ཐོག་བརྙན་ལམ་ནས་རྟེན་འབྲེལ་ཞུས།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཟུར་པ་ཚེ་པོ་ལགས་ཀྱིས་ཤིས་ཚིག་འབུལ་བཞིན་པའི་ཚུལ།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
འབུམ་རམས་པ་དགེ་ལེགས་ལགས་ཀྱིས་ཤིས་ཚིག་འབུལ་བཞིན་པའི་ཚུལ།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
རྩོམ་པ་པོ་མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱིས་གསུང་བཤད་གནང་བཞིན་པའི་ཚུལ།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
དབྱང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་བྱེད་བཞིན་པའི་ཚུལ།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།

     ཚོགས་འདུ་རུ་རྒྱལ་ཁབ་དཔེ་མཛོད་ཁང་དང་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་། ལྷོ་ནུབ་མི་རིགས་སློབ་ཆེན་དཔེ་མཛོད་ཁང་། དཀར་མཛེས་ཁུལ་དཔེ་མཛོད་ཁང་བཅས་ལ་དཔེ་སྦྱིན་གནང་ཞིང་དཔེ་མཛོད་ཁང་དེ་དག་གིས་ཉར་ཚགས་དཔང་ཡིག་སྤྲད།

 མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
བགྲོ་གླེང་ཚོགས་འདུའི་ཡུལ་དངོས། 

    དེབ་གསར་འགྲེམ་སྤེལ་མཛད་སྒོ་མཇུག་སྒྲིལ་རྗེས་དགེ་རྒན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་ལགས་ཀྱིས་གཙོ་སྐྱོང་བྱས་ཤིང《མཚོ་བོད་མཐོ་སྒང་གི་མི་དང་རང་བྱུང་ཁམས》དང《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》ཅེས་པའི(དེབ་སྟོད་སྨད་བར་གསུམ)གྱི་བདག་ཉིད་ཅན་འདི་དག་གི་ནང་དོན་དང་འབྲེལ་ནས་ཆེད་མཁས་པའི་བགྲོ་གླེང་གྲོས་ཚོགས་འཚོགས། ཚོགས་ཐོག་ཏུ་དགེ་རྒན་ཆེན་མོ་དོན་གྲུབ་ལྷ་རྒྱལ་དང་བན་ཤུལ་དཔལ་མཁར་རྒྱལ་སོགས་ཆེད་མཁས་པ་མང་པོས་སོ་སོའི་ལྟ་ཚུལ་ལྷུག་བརྗོད་གནང་ཞིང་། མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱིས་མཛད་པའི་བརྩམས་ཆོས་འདི་དག་ལ་གདེང་འཇོག་དང་མཐོང་ཆེན་ཚད་མཐོ་ཐོབ།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།

ཚོགས་རའི་ཟུར་ཞིག། 

     《མཚོ་བོད་མཐོ་སྒང་གི་མི་དང་རང་བྱུང་ཁམས》བརྩམས་ཆོས་སུ་མདོ་དབུས་མཐོ་སྒང་གི་གནའ་བོའི་མི་དང་རང་བྱུང་ཁམས། བོན་གྱི་ལོ་རྒྱུས་ཡིག་རྙིང་ཁྲོད་ཀྱི་མི་སྣ་གྲགས་ཅན་ཁག་ཅིག་གི་ངོ་སྤྲོད། བོན་པོའི་རིག་གནས་དང་ས་མིང་ཞིབ་འཇུག། དུས་རབས་བཅུ་པའི་ཚུན་གྱི་བོན་གྱི་རིག་གནས། ཞང་ཞུང་སྙན་བརྒྱུད་དང་མཐོ་སྒང་གི་རིག་གནས་བཅས་ས་བཅད་ཆེན་པོ་ལྔ་རུ་ཕྱེ་ནས་མཛད་ཡོད་ཅིང་། 《བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག》(དེབ་སྟོད་སྨད་བར་གསུམ)གྱི་བདག་ཉིད་ཅན་འདི་རུ་ཡ་ཐོག་གདོད་མའི་བོན་གྱི་ལོ་རྒྱུས་དང་བོན་གྱི་ལྷ་རབས་སྐོར་བཤད་པ། སྟོན་པ་གཤེན་རབ་དང་ཐེག་པ་རིམ་དགུའི་སྐོར། འཛམ་གླིང་མཁས་པའི་རྒྱན་དྲུག་ནས་གནམ་གྱི་ཁྲི་བདུན་སྐབས་ཀྱི་མི་སྣའི་ངོ་སྤྲོད། བོད་རྒྱལ་གྲི་གུམ་ནས་གནམ་རི་སྲོང་བཙན་བར་གྱི་བྱུང་འཕེལ། སྲོང་བཙན་ནས་དར་མ་འུ་དུམ་བཙན་བར་གྱི་བོན་པོའི་རིག་གནས། བསྟན་པ་ཕྱི་དར་སྐབས་ཀྱི་བོན་པོའི་རིག་གནས། ཨ་ཁྲིད་རྫོགས་ཆེན་དང་འབྲེལ་བའི་མི་སྣ་འགའི་ངོ་སྤྲོད་བཅས་ས་བཅད་ཆེན་པོ་བརྒྱད་དུ་ཕྱེ་ནས་མཛད་ཡོད་འདུག།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
རྩོམ་པ་པོས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པའི་ཚུལ།

      རྩོམ་པ་པོ་མཁན་པོ་ཚེ་རིང་ནོར་བུ་ལགས་ནི་སྤྱི་ལོ1970ལོར་སི་ཁྲོན་དཀར་མཛེས་ཁུལ་བྲག་མགོ་གཡུ་རིའི་ས་ཆར་འཁྲུངས། ཆུང་ནས་སློབ་ཆུང་དུ་ཞུགས་ཏེ་རྒྱ་ཡིག་སྦྱངས། ལོ་བཅུ་གསུམ་ནས་གཡུ་དགོན་གཤེན་བསྟན་བཀྲ་ཤིས་སྨིན་གྲོལ་གླིང་དང་ཨ་མདོ་རྔ་ཡུལ་རྟོགས་ལྡན་བཀྲ་ཤིས་སྨིན་གྲོལ་གླིང་སོགས་སུ་ཞུགས་ནས་དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་སྤྱི་བོར་བསྟེན་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་སྐོར་ལ་སྦྱངས་བརྩོན་ལྷོད་མེད་གནང་ཞིང་མཁས་པའི་གྲགས་པ་འབར། ད་ལྟ་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དང་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་སྒྲུབ་ཚོགས་པའི་མི་སྣ། དཀར་མཛེས་ཁུལ་བོད་རིག་པའི་ཞིབ་འཇུག་ཁང་གི་རྒྱུན་ལས་ལས་འཛིན། དཀར་མཛེས་ཁུལ་མི་རིགས་ནང་བསྟན་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ལས་པ། བྲག་མགོ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བྲག་མགོ་རྫོང་ནང་བསྟན་མི་རིགས་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཡིན། 2005ལོར་མི་རིགས་དཔེ་སྐྲུན་ཁང་ནས 《ཞང་བོད་ཡ་ཐོག་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》 ཞེས་པ་པར་སྐྲུན་བྱས་པ་དང་། 2012ལོ་ནས་༢༠༡༧ལོའི་བར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་རྒྱ་ཡིག་གི་དེབ 《རང་ངོ་མཐོང་བ》《གྲྭ་བཙུན་གྱི་ཟིན་ཐོ》དང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་རྒྱ་ཡིག་གི་དེབ 《བོད་ཀྱི་བླ་མ་ཞིག་གི་གཏམ་རྒྱུད》《རང་དང་གླེང་མོལ་བྱེད་པ》《བོན་ངོས་འཛིན》སོགས་ཀྱི་བརྩམས་ཆོས་པོ་ཏི་མང་པོ་དཔེ་སྐྲུན་འགྲེམ་སྤེལ་བྱས།

མཁན་པོ་ཚེ་རིང་ནོར་བུའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ་འཚོགས།
མགོ་ཁྲིད་ཁག་དང་ཆེད་མཁས་པའི་མཉམ་པར།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་གནང་བའི་སྤྱི་ལོ2024ལོའི་ལོ་གསར་ཤིས་ཚིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།