སྐལ་ཐུབ་ཀྱིས་བསྒྱུར། 2023-12-29
རིག་རྩལ་ལས་དོན་པ་རྒྱ་ཆེན་གྱིས་རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས། ལོ་རྒྱུས་ཀྱི་རང་སྐུལ་སྙིང་སྟོབས་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་སྐྲུན་པར་ཧུར་ཐག་ཞུགས་ཏེ། མི་དམངས་ལ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོང་ཞིང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོང་། གསར་སྐྱོང་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོང་། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་སྐྱེད་སྲིང་། རིག་གནས་དར་སྤེལ། གཟུགས་རྣམ་སྟོན་པ་བཅས་ཀྱི་འགན་འཁྲི་ལས་འགན་ལ་དམིགས་ཏེ། གཞི་གསོ་བླ་སྐྱོང་ཐད་འགན་འཁྲི་གསར་པ་འཁུར་བ་དང་། གཞུང་བསྲངས་གསར་གཏོད་ཐད་བྱས་རྗེས་གསར་པ་འཇོག་པ། ལུགས་ཤེས་རང་གཅུན་ཐད་དགེ་མཚན་གསར་པ་ཐོན་པ། རང་བརྩོན་ལྷོད་མེད་དང་དམ་པ་ཀུན་ཐེག་གི་རིག་གནས་གསར་སྐྱོང་ལ་བརྟེན་ནས་ཀྲུང་གོ་རིག་རྩལ་གྱི་རྣམ་པ་གསར་པ་སྟོན་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་ངོ་མཚར་གསར་པ་བཏོད་དེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་རིན་ཐང་གི་སྐུལ་ཁྲིད་ནུས་པ་དང་རིག་གནས་ཀྱི་འགྲིལ་ཤུགས། བསམ་པའི་སྐུལ་ཤུགས་ཆེན་པོ་མཁོ་འདོན་བྱ་དགོས།
2021ལོའི་ཟླ་བ12ཚེས14ཉིན་ལ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10