བདེ་སྐྱིད་ཀྱིས་བསྒྱུར། 2023-12-25
སྤྱི་ཟླ12པའི་ཚེས10ཉིན། གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་ཆུ་རགས་ཀྱི་མཐོ་ཚད་ཆེ་ཤོས་སྨི2777ལ་ཟིན་ཞིང་། ཆུ་རགས་སྤྱི་ཁོག་གི་ཨར་འདམ་བླུགས་པའི་མཐོ་ཚད་རིམ་རྩིས་བྱས་ན་སྨི100ལས་བརྒལ་ཡོད།
ཤེས་རྟོགས་བྱུང་པར་གཞིགས་ན། གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་ཁྲི224ཡིན་པ་དང་ཆུ་རགས་ཀྱི་མཐོ་ཚད་ཆེ་ཤོས་ལ་སྨི217ཡོད་ཅིང་། དེ་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པར་གཙོ་གནད་སྐྲུན་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་ཞིག་ཡིན་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ལས་གཞི་གལ་ཆེན་དང་། རྒྱལ་ཁབ་ཀྱི་ནུབ་གློག་ཤར་འདྲེན་གྱི་འབྲེལ་མཐུད་རྟེན་གཞི། དེ་བཞིན་ལྷོ་ནུབ་ཆུ་གློག་རྟེན་གཞི་འཛུགས་སྐྲུན་གྱི་ལས་གཞི་ཆེ་ཤོས་ཤིག་ཀྱང་ཡིན་པ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་པར་གཞིགས་ན། ཆུ་གློག་ས་ཚུགས་བསྐྲུན་རྗེས་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི740ཉུང་དུ་འགྲོ་ཐུབ་པ་དང་། བོད་འབྲེལ་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་ལ། རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་པར་བསྒྲིགས་ཏེ། ཐཱན་གཉིས་ཀྱི་དམིགས་ཚད་མགྱོགས་མྱུར་མངོན་དུ་འགྱུར་བར་དོན་སྙིང་གལ་ཆེན་ལྡན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10