མཁའ་མཐའི་འབྲོག་སྡེ་རིག་འབྱུང་གསེར་རྟ་རུ་སྒྲོག་འགྲེལ་ཁྱད་ཆོས་ལྡན་པ་སྤེལ་ཏེ་མི་སེམས་རབ་ཏུ་བཀུག།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-12-25

མཁའ་མཐའི་འབྲོག་སྡེ་རིག་འབྱུང་གསེར་རྟ་རུ་སྒྲོག་འགྲེལ་ཁྱད་ཆོས་ལྡན་པ་སྤེལ་ཏེ་མི་སེམས་རབ་ཏུ་བཀུག།སྒྲོག་འགྲེལ་ཡུལ་དངོས།

བསམ་བློས་དུས་རབས་ཀྱི་སྐད་སྒྲ་བརྒྱུད་སྤྲོད་དང་རིགས་གཞུང་གིས་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱེད། གསེར་རྟ་རྫོང་གིས་སྔ་ཕྱི་བར་གསུམ་དུ་གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་ལས་དོན་ལ་མཐོང་ཆེན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ལ་དམ་པོར་དམིགས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་གདལ་ཐུབ་པ་དམ་འཛིན་བྱ་གཞིར་བྱས་ཏེ་མཁའ་མཐའི་འབྲོག་སྡེ། རིག་འབྱུང་གསེར་རྟའི་གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་གྱི་སྤུས་རྟགས་ཧུར་ཐག་བཏོད་པར་མ་ཟད། མཐོ་སྒང་གི་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་མཁའ་མཐའི་འབྲོག་སྡེ། རིག་འབྱུང་གསེར་རྟའི་གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་མང་ཚོགས་ཀྱི་སྐད་ཆ་དང་མང་ཚོགས་ཀྱི་མཐོང་ལམ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱས་པར་བཤད་དེ། གཞི་རིམ་གྱི་རིགས་གཞུང་སློབ་སྦྱོང་དང་རིགས་གཞུང་སྒྲོག་འགྲེལ་འཁྲུག་ཆ་དོད་པོར་བསྒྱུར་ནས་མང་ཚོགས་དྲིལ་བསྒྲགས་དང་མང་ཚོགས་སློབ་གསོ། མང་ཚོགས་གོང་བུར་འགྲིལ་བ། མང་ཚོགས་ལ་ཞབས་འདེགས་བཅས་ཀྱི་མཇུག་མཐའི་འགག་གནད་བསལ་ནས་དུས་རབས་གསར་པའི་གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་གྱི་རི་མོ་ལེགས་པོར་བྲིས།

དཔུང་ཁག་སྟོབས་ཆེན་དང་ནང་དོན་ཟབ་ཏུ་བཏང་ནས་གཞི་རིམ་སྒྲོག་འགྲེལ་སྤུས་ཚད་ལྡན་ཞིང་མང་ཚོགས་དང་འབྲེལ་འདྲིས་ཐུབ་པར་བྱས།

ཉེ་ཆར། གསེར་རྟ་རྫོང་གི་མཁའ་མཐའི་འབྲོག་སྡེ། རིག་འབྱུང་གསེར་རྟའི་རིགས་གཞུང་སྒྲོག་འགྲེལ་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་སྤེལ་ལ་ཉེ་བའི་རིགས་གཞུང་སྒྲོག་འགྲེལ་བྱེད་སྒོ་ཆེན་མོ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པར་བརྒྱུད་སྤུས་ཚད་མཐོ་བ་དང་འབྲེལ་འདྲིས་ཆེ་བའི་གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་གྱི་བྱེད་སྒོ་ཆེན་པོ་ཞིག་སྤེལ་འགོ་ཚུགས་པ་རེད།

སྒྲོག་འགྲེལ་སྤུས་ཚད་མཐོན་པོ་ཡོང་ཆེད། གསེར་རྟ་རྫོང་གིས《མཁའ་མཐའི་འབྲོག་སྡེ། རིག་འབྱུང་གསེར་རྟ་ཞེས་པའི་རིགས་གཞུང་སྒྲོག་འགྲེལ་ཆེན་མོའི་ལས་དོན་གྱི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ། སྒྲོག་འགྲེལ་ནང་དོན་དང་སྒྲོག་འགྲེལ་བྱེད་སྟངས། རྩ་འཛུགས་ཀྱི་འགན་ལེན་སོགས་ཀྱི་ཐད་དམིགས་ཚད་ལས་འགན་ཁ་གསལ་བཟོ་བ་དང་། ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ། ལས་ཀའི་འགན་འཁྲི་ནན་དུ་བཏང་ཡོད། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་རིགས་གཞུང་གི་ཆུ་ཚད་མཐོ་བ། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། སྒྲོག་འགྲེལ་གྱི་ནུས་པ་ཆེ་བ། རྒྱ་བོད་སྐད་གཉིས་ཤེས་པའི་ལས་བྱེད་ལས་བཟོ་བཅས་ལས་མཁའ་མཐའི་འབྲོག་སྡེ། རིག་འབྱུང་གསེར་རྟའི་གཞི་རིམ་རིགས་གཞུང་སྒྲོག་འགྲེལ་ཚོགས་པ་གྲུབ་པ་རེད། ཁག་བགོས་ནས་ས་གནས་ཁག་ཏུ་སྒྲོག་འགྲེལ་མ་བྱས་གོང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རྫོང་དང་ཡུལ་ཤོག། གྲོང་ཚོ་བཅས་ཀྱི་རིམ་གསུམ་སྒྲོག་འགྲེལ་པར་ཆེད་དོན་ཟུར་ཁྲིད་གསོ་སྦྱོང་བྱས་ནས་སྒྲོག་འགྲེལ་བྱེད་སྒོས་མི་སེམས་འགུག་པར་འགན་ལེན་བྱས་པ་རེད།

སྒྲོག་འགྲེལ་བྱེད་སྒོ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པར་བྱ་ཆེད། ནང་དོན་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པའི་བརྗོད་བྱ་གཙོ་བོ་དེ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཐོག་མཐའ་བར་གསུམ་དུ་ལས་དོན་གཙོ་བོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྒྲོག་འགྲེལ། ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྒྲོག་འགྲེལ། ད་དུང་གསེར་རྟའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁྲིམས་སྐྱོང་འཛུགས་སྐྱོང་དང་འོས་འགན་སློབ་གསོ། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ། རིམས་ནད་ཚབས་ཆེན་འགོག་བཅོས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་། ནགས་རྩྭའི་མེ་ཟོན། དགུན་དུས་ཀྱི་འགྲིམ་འགྲུལ་ཉེན་མེད་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་དང་ཁྲིམས་སྲོལ། ཤེས་བྱ་བཅས་ལ་དམ་པོར་དམིགས་ནས་གཞི་རིམ་གྱི་བསམ་བློ་དང་། མང་ཚོགས་ཀྱི་སེམས་ཁྲལ། མི་སེར་གྱི་རེ་འདུན་བཅས་ལ་བརྡ་ལན་ཧུར་ཐག་ཞུས་ནས་མང་ཚོགས་དང་འབྲེལ་ཆེ་བ་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

རིགས་གཞུང་དང་སྣ་མང་སྒྲོག་འགྲེལ་ཟུང་དུ་འབྲེལ་བའི་མ་ལག་བཙུགས་ནས་ཀུན་ལ་གསོན་ཤུགས་བསྩལ།

དེ་སྔོན་གྱི་སྒྲོག་འགྲེལ་བྱེད་སྒོ་དང་མི་འདྲ་བ་ནི་ཐེངས་འདིའི་མཁའ་མཐའི་འབྲོག་སྡེ། རིག་འབྱུང་གསེར་རྟའི་རིགས་གཞུང་སྒྲོག་འགྲེལ་བྱེད་སྒོ་ཆེན་པོ་དེ་ཡུལ་ཤོག་དང་གྲོང་རྡལ་ཚང་མ་ནས་ཉིན་གཉིས་རིང་བསྡད་པ་རེད། རིགས་གཞུང་རིག་གནས་ཀྱི་སྐད་སྒྲ་མང་ཚོགས་ཀྱི་རྣ་ལམ་དུ་བསྒྲགས་པ་དང་ཆབས་ཅིག་ད་དུང་རིག་གནས་དང་འཕྲོད་བསྟེན། སྨན་བཅོས། ཚན་རྩལ། བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ཞབས་ཞུ་ཡང་བྱས་ཡོད། གསེར་རྟ་རྫོང་གིས་མཁའ་མཐའི་འབྲོག་སྡེ། རིག་འབྱུང་གསེར་རྟའི་གཞི་རིམ་རིགས་གཞུང་སྒྲོག་འགྲེལ་སྤུས་རྟགས་ལ་བརྟེན་ནས་རིགས་གཞུང་དང་སྒྲོག་འགྲེལ་རབ་དང་རིམ་པ་ཟུང་དུ་འབྲེལ་བའི་མ་ལག་བཙུགས་ནས་སྒྲོག་འགྲེལ་བྱེད་སྒོ་ཆེན་པོར་བརྟེན་ནས་རིག་གནས་ལུས་རྩལ་བྱེད་སྒོ་དང་དང་བླངས་ཞབས་ཞུ། བཅའ་ཁྲིམས་རོགས་སྐྱོར། ལག་རྩལ་གསོ་སྦྱོང་། མང་ཚོགས་ཀྱི་རེ་འདུན་བཅས་ཕྱོགས་ཡོངས་ལ་ཁྱབ་པས་སྒྲོག་འགྲེལ་དེ་མང་ཚོགས་དང་འབྲེལ་ཆེ་ལ་འཁྲུག་ཆ་དོད་པོར་གྱུར་པས་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

སྒྲོག་འགྲེལ་བྱེད་སྒོ་ཇེ་བཟང་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། གསེར་རྟ་རྫོང་གིས་ཐེངས་འདིའི་རིགས་གཞུང་སྒྲོག་འགྲེལ་བྱེད་སྒོ་ཆེན་མོ་གོ་སྐབས་སུ་བྱས་ནས་རྫོང་ཡོངས་ཀྱི་ཡུལ་ཤོག(གྲོང་རྡལ)16དང་གྲོང་སྡེ་ནས་ལས་ཀའི་ཕན་འབྲས་མངོན་གསལ་དོད་པའི་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་བུད་མེད་ཀྲུའུ་རེན། ལས་བྱེད་པ་རྒན་པ། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་གདན་དྲངས་ཏེ་ཡུལ་སྡེ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། གོམས་སྲོལ་སྒྱུར་བ་སོགས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་དང་བྱེད་སྟངས་ལ་ཡུལ་དངོས་ནས་སྤེལ་རེས་དང་དཔྱད་བསྡུར་བྱས་ནས་སྙིང་སྟོབས་འཕེལ་བ་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་བར་སྐུལ་འདེད་དང་ཁྲིད་སྟོན་བྱས་ནས་རྒྱ་ཆེ་བའི་ལས་བྱེད་པར་ལས་དོན་ཧུར་བརྩོན་དང་གྲུབ་འབྲས་ཐོན་པ། ཤེས་དཔལ་གཏོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གསེར་རྟ་གསར་པ་འཛུགས་པར་སྟོབས་ཤུག་གཅིག་ཏུ་བསྒྲིལ།

ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔའི་བར་གསེར་རྟ་རྫོང་གིས་རིམ་རྩིས་བྱས་ན་རིགས་གཞུང་སྒྲོག་འགྲེལ་བྱེད་སྒོ་ཐེངས16སྤེལ་བ་དང་། རིག་གནས་དང་ཚན་རྩལ། སྨན། བཅའ་ཁྲིམས་བློ་འདྲི་ཞབས་ཞུ་བཅས་སོ་སོ་སྤེལ་ཐེངས8དང་ཡུལ་དངོས་ནས་མང་ཚོགས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཐེངས8ཞུས་པ་རེད། དེའི་རིང་ཡུལ་དངོས་ནས་མི400ལྷག་ལ་བཅའ་ཁྲིམས་བློ་འདྲི་དང་མི1710ལ་འོས་འགན་སྨན་བཅོས། མི9ལ་ཡིག་བསྐུར་ངོ་བཅར་གྱི་ཞབས་ཞུ་མཁོ་འདོན་དང་དམངས་བདེ་ཞབས་ཞུ་ཐེངས30ལྷག། སྒོར་ཁྲི2ལྷག་རི་བའི་རྒྱུན་སྤྱོད་གྲ་སྒྲིག་སྨན་རྫས་དང་དེ་བཞིན་དྲིལ་བསྒྲགས་ལག་དེབ18000ལྷག་དང་དྲིལ་བསྒྲགས་ལག་སྐྱེས་ཆུང་གྲས6000ལྷག་སྤྲད་པ་རེད། གཞན་ཡང་ད་དུང་མང་ཚོགས་ཀྱི་རེ་ཞུ་སྣ་ཚོགས་ཁག15འཚོལ་སྡུད་དང་ཡུལ་དངོས་ནས་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་རེ་ཞུ་ཁག14ཐག་བཅད་ཡོད།

གོ་བདེ་བའི་སྒྲོག་འགྲེལ་དང་རྒྱུད་རིང་ལ་ཞིབ་ཚགས་ཡིན་པའི་གནད་འགྲེལ། དེ་མིན་འཐུས་སྒོ་ཚང་ཞིང་ཞིབ་ཚགས་ཡིན་པའི་ཞབས་ཞུ་བཅས་ཀྱིས་མི་སེམས་ནང་དུ་བཀུག་ཅིང་ཀུན་ལ་གསོན་ཤུགས་བསྩལ་བ་རེད།

སྒྲོག་འགྲེལ་ཁྱབ་རྒྱ་ཆེ་ཞིང་དམངས་ལ་ཞབས་ཞུ་དྲོད་སྐྱིད་ལྡན།

སྤྱི་ཟླ12པའི་ཚེས6ནས7ཉིན་བར། མཁའ་མཐའི་འབྲོག་སྡེ། རིག་འབྱུང་གསེར་རྟའི་གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་ཚོགས་པ་བརྡར་ཚང་ཡལ་ཤོག་ཏུ་བསྐྱོད་ནས་ས་གནས་དེ་གའི་མང་ཚོགས980ལྷག་ལ་ཡུལ་དངོས་སུ་སྒྲོག་འགྲེལ་བྱས། ལོ77ལ་སླེབས་པའི་མཆོག་ཚང་གྲོང་སྡེའི་གྲོང་མི་ཐུབ་རྒྱས་ལ་མཚོན་ན། ཐེངས་འདིའི་སྒྲོག་འགྲེལ་གྱི་ནང་དོན་གཏིང་ཟབ་པར་མ་ཟད་ཡུལ་ཤོག་གིས་བཀོད་སྒྲིག་བྱས་པའི་དགུང་ཟས་ཡང་གྱ་ནོམ་པ་ཡོད་པ་རེད།

གསེར་རྟ་རྫོང་འབྲོག་ཁུལ་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་དང་ལམ་ཐག་རིང་བའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོའི་ནང་ཡུལ་ཤོག་གྲོང་རྡལ་ཏང་ཨུ་དང་ཡུལ་ཤོག་གྲོང་རྡལ་ཁག་གི་འབྲེལ་གཏུག་སྡེ་ཚན་གྱིས་ཡུལ་དངོས་མང་ཚོགས་ལ་གདན་དང་རྐུབ་སྟེགས། འབྲས་ཐུག། ཐུག་པ། དཀྲུག་ཇ་སོགས་གྲ་སྒྲིག་ཞིབ་ཚགས་བྱས་ཡོད། མང་ཚོགས་རྣམས་ཕར་འགྲོ་ཚུར་འོང་བྱེད་མི་དགོས་པའི་ཆེད་དུ་སྒྲོག་འགྲེལ་བྱ་ཡུལ་དུ་ཉིན་ལྟར་མང་ཚོགས་ལ་འཐུང་ཆུ་དང་ལྟོ་ཆས་ཀྱི་ཞབས་ཞུ་གང་ལེགས་མཁོ་འདོན་བྱས། དུས་མཉམ་དུ་མང་ཚོགས་ཀྱི་འགྲོ་སྐྱོད་ཉེན་མེད་ལ་འགན་ལེན་བྱ་ཆེད། སྒྲོག་འགྲེལ་རིང་ལ་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ད་དུང་བརྒྱུད་རིམ་ཧྲིལ་པོར་འགན་ལེན་བྱས་ནས་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ཤར་གཏོང་ཐུབ་པ་དང་སྒྲོག་འགྲེལ་བྱ་ཡུལ་སྒྲིག་ལམ་ལྡན་པ་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན།ད་སྔའི་བར་རིགས་གཞུང་སྒྲོག་འགྲེལ་བྱེད་སྒོ་ཆེན་མོར་མང་ཚོགས20920ལྷག་ཞུགས་ཡོད།

གསེར་རྟ་རྫོང་ཨུ་དྲིལ་བསྒྲགས་པུ་ཡི་འགན་འཁུར་བས་གསར་འགོད་པར་གསེར་རྟ་རྫོང་གིས་སླད་ཕྱིན་མཁའ་མཐའི་འབྲོག་སྡེ། རིག་འབྱུང་གསེར་རྟའི་སྒྲོག་འགྲེལ་སྤུས་རྟགས་གཏོད་རྒྱུར་དམིགས་ནས་གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་བྱེད་སྟངས་རྒྱུན་མཐུད་ངང་ཇེ་བཟང་དུ་གཏོང་བ་དང་། སྒྲོག་འགྲེལ་དཔུང་ཁག་གསོ་སྐྱོང་ལ་སྔར་བས་དམ་འཛིན་ཡག་པོ་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་བ། རྫོང་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་ཚོད་ཆེ་རུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ། ཡུལ་སྡེ་དར་རྒྱས་གཏོང་བའི་འཛུགས་སྐྲུན་པ་ཞིག་བྱེད་པ་བཅས་བྱས་ནས་གསེར་རྟའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་དོ།། 


  • ལེ་ཚན་སྔོན་མ།:འབྲི་ཆུའི་སྟོད་རྒྱུད་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་ཆུ་རགས་སྐྲུན་ཚད་སྨི100ལས་བརྒལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།