རྒྱལ་ནང་གི་ཆུ་གློག་ས་ཚུགས་ཆེ་ཤོས་བསྐྲུན་འགོ་ཚུགས།

ཨོ་རྒྱན་གྱིས་བསྒྱུར།        2023-12-14

     སྤྱི་ཟླ12པའི་ཚེས7ཉིན་ཉག་ཆུའི་འབབ་རྒྱུད་དུ་སྐྲུན་བཞིན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་གློག་ས་ཚུགས་མེང་ཏི་ལུང་པའི་ལས་གཞི་གཙོ་བོ་དངོས་སུ་སྐྲུན་འགོ་ཚུགས་ཤིང་། ཆུ་གློག་ས་ཚུགས་དེའི་སྤྱིའི་གློག་འདོན་ཚད་ཀྲའོ་ཝ2400ཟིན་ལ། འདི་ནི་མིག་སྔར་རྒྱལ་ནང་དུ་སྐྲུན་བཞིན་པའི་ཆུ་གློག་ལས་གྲྭ་ཆེ་ཤོས་ཀྱི་གྲས་ཤིག་རེད།

རྒྱལ་ནང་གི་ཆུ་གློག་ས་ཚུགས་ཆེ་ཤོས་བསྐྲུན་འགོ་ཚུགས།

     མོང་ཏི་ལུང་གི་ཆུ་གློག་ས་ཚུགས་ཀྱི་ལས་གཞི་དེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་ལེའང་ཧྲན་ཁུལ་འབྲེལ་མཚམས་ཀྱི་ཉག་ཆུ་སྔོན་མོའི་བཞུར་རྒྱུན་ཐོག་ཏུ་བསྐྲུན་པའི་རིམ་པ་ལྔ་པའི་ཆུ་གློག་ས་ཚུགས་ཤིག་ཡིན། ཆུ་རགས་ཀྱི་ཆེས་མཐོ་བའི་མཐོ་ཚད་སྨི198ལ་ཟིན་པ་དང་། ལས་གྲྭ་འཛུགས་སྐྲུན་དུས་ཡུན་ལོ་དགུ་ཡིན་པ་རེད།
རྒྱལ་ནང་གི་ཆུ་གློག་ས་ཚུགས་ཆེ་ཤོས་བསྐྲུན་འགོ་ཚུགས།

     2021ལོའི་ཟླ་བ9པར་མོང་ཏི་ལུང་གི་ཆུ་གློག་ས་ཚུགས་ཀྱི་ལས་གཞིའི་དུས་འགོའི་ལས་གྲྭ་སྐྲུན་འགོ་ཚུགས་ཡོད། ལོ2ལྷག་ཙམ་གྱི་རིང་ལ་དུས་འགོའི་ལས་གྲྭ་འཛུགས་སྐྲུན་བྱས། ཆུ་གློག་ས་ཚུགས་ཀྱི་ལས་གཞི་འདི་ནི་ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་མ་དངུལ་བཏང་ནས་གསར་སྤེལ་བྱས་པ་ཞིག་ཡིན་ལ། ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར348བཏང་ཡོད།

རྒྱལ་ནང་གི་ཆུ་གློག་ས་ཚུགས་ཆེ་ཤོས་བསྐྲུན་འགོ་ཚུགས།

     ཆུ་གློག་ས་ཚུགས་བསྐྲུན་རྗེས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར104ཟིན་ནས་ལོ་ལྟར་རྡོ་སོལ་ཏུན་ཁྲི459གྲོན་ཆུང་ཐུབ་པ་རེད། དེ་ནི་རང་རྒྱལ་གྱིས་ཐཱན་འབུད་ཚད་ཆེས་ཆེར་ཆག་རྒྱུའི་བྱ་ཐབས་གལ་ཆེན་ཤིག་རེད། འབྲི་ཆུའི་རྒྱུད་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། ནུས་རྒྱུའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༧༥
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།