འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་གཞུང་ལམ་ཅུས་ཀྱིས《2022ལོའི་ཞིང་སྡེའི་གཞུང་ལམ་ཡག་པོ་བཞི》ཡི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་སྐྲུན་པའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་ལས་རང་ཁུལ་གྱི་གསེར་རྟ་རྫོང་དེའི་གྲས་སུ་ཚུད་ཡོད

བདེ་སྐྱིད་ཀྱིས་བསྒྱུར།        2023-12-12

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་གཞུང་ལམ་ཅུས་ཀྱིས《2022ལོའི་ཞིང་སྡེའི་གཞུང་ལམ་ཡག་པོ་བཞི》ཡི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་སྐྲུན་པའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་ལས།  རང་

ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་གཞུང་ལམ་ཅུས་ཀྱིས《2022ལོའི་ཞིང་སྡེའི་གཞུང་ལམ་ཡག་པོ་བཞི》ཡི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་སྐྲུན་པའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་ལས། རྫོང་རིམ་པས་རེ་ཞུ་དང་ཞིང་ཆེན་རིམ་པས་ཞིབ་བཤེར། ཆེད་རམས་པས་དཔྱད་ཞིབ། བསྐྲུན་བྱའི་སྡེ་ཚན་གཏན་འཁེལ། དཔྱད་དཔོག་ཞིབ་བཤེར་རྩིས་ལེན་སོགས་ཀྱི་གོ་རིམ་བརྒྱུད་དེ། སི་ཁྲོན་ཞིང་ཆེན་རྫོང་རིམ་པའི་སྡེ་ཚན16ལ་ཞིང་སྡེའི་གཞུང་ལམ་ཡག་པོ་བཞིའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གི་མིང་བཏགས་པ་དང་། རང་ཁུལ་གྱི་གསེར་རྟ་རྫོང་དེའི་ནང་ཚུད་ཡོད། སྤྱི་བསྒྲགས་ཀྱི་དུས་ཚོད་ནི་ཟླ་བ11པའི་ཚེས29ཉིན་ནས་ཟླ་བ12པའི་ཚེས5ཉིན་བར་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གསེར་རྟ་རྫོང་ནི་རྒྱལ་ཡོངས་སུ་ས་ཁུལ12ལས་མེད་པ་དང་སི་ཁྲོན་ཞིང་ཆེན་དུ3ལས་མེད་པའི་རིགས་དྲུག་པའི་རྫོང་གི་གྲས་ཤིག་ཡིན་པ་རེད། གྲོང་ཁྱེར་གཙོ་བོ་ལས་རིང་དུ་བརྒྱངས་ཤིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་རྗེས་ལུས་ཐེབས་པ། གཞི་རིམ་གྱི་རྨང་གཞི་ཞན་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་གི་ཟུར་གྲས་སུ་ཡོད། ལུང་ཁུག་མཐའ་ཟུར་དུ་གནས་པར་མ་ཟད། དེ་སྔོན་སི་ཁྲོན་དང་མཚོ་སྔོན་འབྲེལ་མཚམས་ས་ཁུལ་གྱི་གཞུང་ལམ་དྲ་བའི་ཟུར་གྲས་སུ་གནས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། གསེར་རྟ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་སྡེའི་གཞུང་ལམ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་ཨུའི་ཞིང་གསུམ་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དམིགས་འཛུགས་རོགས་སྐྱོར་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་པ་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་པ་རེད། 2023ལོའི་ལོ་འགོར། རྫོང་ཡོངས་ཀྱི་གཞུང་ལམ་དྲ་བའི་སྤྱིའི་ལམ་ཐག་སྤྱི་ལེ2275ལ་སླེབས་ཡོད། དེའི་ནང་ཞིང་སྡེའི་གཞུང་ལམ་ལམ་ཐག་བསྡོམས་འབོར་སྤྱི་ལེ1900.331དང་། དེའི་ནང་རྫོང་རིམ་པའི་གཞུང་ལམ་སྤྱི་ལེ241.134དང་། ཡུལ་ཤོག་གི་གཞུང་ལམ་སྤྱི་ལེ583.241དང་། གྲོང་སྡེའི་གཞུང་ལམ་སྤྱི་ལེ1075.956ལ་ཟིན་ནས་ཡུལ་ཤོག་ལ་སྣུམ་ནག་གཞུང་ལམ་ཡོད་པ་དང་། གྲོང་སྡེར་ཨར་འདམ་གཞུང་ལམ་ཡོངས་སུ་ཁེབས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱིས་མ་ལམ་བྱེད་པ་དང་། རྫོང་དང་ཡུལ་ཤོག་གིས་སྒྲོམ་གཞི་བྱེད་པ། གྲོང་སྡེ་ཚོ་ཆུང་གིས་ཡན་ལག་ཏུ་བྱེད་པ་བཅས་ཀྱི་གཞུང་ལམ་དྲ་བ་ཞིག་ཆགས་ནས། རླངས་འཁོར་ཤར་བགྲོད་ཐུབ་ཚད2015ལོའི་ལོ་མཇུག་གི་བརྒྱ་ཆ52.2ནས2019ལོའི་ལོ་མཇུག་བར་གྱི་བརྒྱ་ཆ་བརྒྱ་ལས་འཕར་ཡོད། དེ་དང་ཆབས་ཅིག་རྫོང་ཁོངས་ཀྱི་མང་ཚོགས་འགྲོ་སྐྱོད་ཀྱི་ཆོས་ཉིད་དང་ཟུང་འབྲེལ་བྱས་ཏེ། སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག6དང་དུས་གཏན་རླངས་འཁོར33བཀོད་སྒྲིག་བྱས་ཡོད། སྲིད་འཛིན་གྲོང་སྡེ134ཡི་ནང་སྲིད་འཛིན་གྲོང་སྡེ93ལ་ཁྱབ་པ་དང་། ལྷག་མའི་སྲིད་འཛིན་གྲོང་སྡེ41ལ་སྔོན་དུ་ཁ་ཆད་བྱེད་ཆོགས་པའི་ཞིང་སྡེའི་འགྲུལ་སྐྱེལ་རླངས་འཁོར25བཀོད་སྒྲིག་བྱས། ད་སྔར་སྔོན་དུ་ཁ་ཆད་བྱེད་པའི་འགྲུལ་སྐྱེལ་རླངས་འཁོར25གཏོང་བཞིན་ཡོད། སྒྲིག་གཞི་ཚང་བའི་གྲོང་སྡེར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ་བརྒྱ་ལས་ཟིན་པ་རེད། གཞན་ཡང་ཡུལ་ཤོག་གི་ཟོག་འགྲེམས་ས་ཚུགས16དང་། ཡུལ་ཤོག་གི་འགྲིམ་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚུགས3ཡོད། ཡུལ་ཤོག་གི་སྦྲག་སྲིད་ཁྱབ་ཚད་བརྒྱ་ཆ་བརྒྱ་ལ་ཟིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ལས་དོན་འབྲེལ་མཐུད་གནང་བར་ཕེབས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་མོ་ལ་གྲོང་རྡལ་གྱིས་འདེབས་གསོ་ཟུང་དུ་སྦྲེལ་ནས་ཞིང་ལས་འཁོར་སྐྱོད་ལམ་གསར་བཙལ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10