ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ལས་དོན་འབྲེལ་མཐུད་གནང་བར་ཕེབས།

ལྷ་འཛོམས་ཀྱིས་བསྒྱུར།        2023-12-08

    ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ལས་དོན་འབྲེལ་མཐུད་གནང་བར་ཕེབས།

   སྤྱི་ཟླ12པའི་ཚེས4ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་གཉིས་ཀྱིས་ཞིང་ཆེན་ཡུལ་སྡེ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ཅང་ཀང་དང་བཞུགས་མོལ་གནང་ཞིང་། ཕྱོགས་གཉིས་པོས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་རེད།

     ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཞིང་ཆེན་ཡུལ་སྡེ་དར་རྒྱས་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་པ་དང་ལྷག་དོན་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་པར་མཛུབ་ཁྲིད་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། དཀར་མཛེས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཡུལ་སྡེ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་བར་མ་ཟད། ད་དུང་རྒྱབ་སྐྱོར་གྱི་དོན་ཚན་ཐད་གྲོས་འགོའི་བསམ་འཆར་ཡང་བཏོན་གནང་བ་རེད། ཧྲེན་དབྱང་གིས་ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། དཀར་མཛེས་ཁུལ་གྱིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་བ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བྱས་ནས་གཞི་ཁྱོན་ལྡན་པའི་དབུལ་ཕོངས་བསྐྱར་ལོག་མི་ཡོང་བའི་མཐིལ་ཚད་བརྟན་པོ་སྲུང་ཞིང་། རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཞིང་འབྲོག་ལས། ནུས་རྒྱུ་གཙང་མ་བཅས“དོན་ཆེན་གསུམ”གཅིག་གྱུར་འཆར་འགོད་ཡག་མོ་བྱེད་པ་དང་། མི་རིགས་ས་ཁུལ་དང་གསར་བརྗེའི་གནས་གཞི་རྙིང་པ། དབུལ་སྒྲོལ་ས་ཁུལ། དར་རྒྱས་ཅུང་ཞན་པའི་ས་ཁུལ་བཅས་ཀྱི་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱ་དགོས་ཞེས་གསུངས་པ་རེད།

     ཅང་ཀང་གིས་ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་དང་བཅས་པ་ཕེབས་པར་དགའ་བསུ་ཞུ་བ་དང་། དཀར་མཛེས་ཁུལ་གྱིས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་བར་བསྔགས་བརྗོད་བྱས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་ཡུལ་སྡེ་དར་རྒྱས་གཏང་རྒྱུ་དང་ནུས་ལྡན་ངང་འབྲེལ་མཐུད་བྱ་རྒྱུ་ལས་དོན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་གཞི་རིམ་བཅོས་སྐྱོང་གི་ཞན་ཆ་གང་མགྱོགས་གསབ་རྒྱུ་དང་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ་དབུལ་ཐར་གྲུབ་འབྲས་ལ་སྔར་བས་གྲུབ་འབྲས་འཐོབ་རྒྱུ་དང་ཡུལ་སྡེ་དར་རྒྱས་འགྲོ་རྒྱུར་ཕན་འབྲས་ཐོན་རྒྱུ་རེད་ཅེས་གསུངས་པ་རེད། ཞིང་ཆེན་ཡུལ་སྡེ་དར་རྒྱས་ཅུས་ཀྱིས་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ“མཐིལ་ཚད་སྲུང་བ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ། དར་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ལ་དམིགས་ཏེ་རྒྱུན་ཚུལ་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་མ་ལག་དང་དབུལ་ཐར་མང་ཚོགས་ཀྱི་འབབ་འཕར་བརྟན་པོའི་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ། གྲོང་ཡུལ་ཡོང་འབབ་ཧེ་བག་བསྟུངས་ནས་སི་ཁྲོན་གྱིས་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་དེ་བས་ཆེན་པོ་འབུལ་རྒྱུ་རེད་ཅེས་གསུངས།

     ཞིང་ཆེན་ཡུལ་སྡེ་དར་རྒྱས་ཅུས་ཀྱི་འགོ་ཁྲིད་ཀྲུང་ཀྲི་རུང་དང་། ལུའོ་ཞི་ཉིང་། ཧོང་ཡུས། ཀྲང་པིང་བཅས་དང་། ཁུལ་འགོ་ཁྲིད་ཡོན་མིང་ཀོང་དང་ཡོན་ཀང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།།


  • ལེ་ཚན་སྔོན་མ།:མང་ཚོགས་ཀྱི་སྒོ་འགྲམ་དུ་གནས་པའི་གངས་ལྗོངས་མཐོ་སྒང་གི་ཞིབ་དཔྱོད་ཁང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༧༣༽
  • དོ་སྣང་ཆེ་བའི་རྩོམ།