རང་ཁུལ་སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་བྱེད་སྒོ་སྤེལ།

        2023-12-06

ཉེ་ཆར། ཁུལ་ཚོང་དོན་མཉམ་ལས་ཅུས་དང་ཁུལ་སྤྱི་ཁྱབ་བཟོ་ཚོགས། ཁུལ་མ་འཇོག་འཕེལ་རྒྱས་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་བྱས་ནས་ཁུལ་ནང་ཁུལ་གྱི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཚོགས་པ་བཙུགས་ནས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་དང་ཐའེ་ཀྲོའུ། ཅིན་ཧྭ་སོགས་སུ་ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་བྱེད་སྒོ་སྤེལ་བ་དང་། སྲིད་གཞུང་དང་ཁེ་ལས་མཉམ་སྐུལ་གྱིས་ཀྲེ་ཅང་དང་དཀར་མཛེས་ཁུལ་བར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གྲུབ་འབྲས་གསར་པ་འཐོབ་པར་རམ་འདེགས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོར་རང་ཁུལ་གྱིས་རྫོང(གྲོང་ཁྱེར)18ཀྱི་འཐུས་ཚབ་ཁེ་ལས22སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། “ཨ་རག་དང་ཤ། ཇ། ཤ་མོ། ཤིང་ཏོག། སྔོ་ཚལ། འབྲུ་རིགས། སྣུམ། ཆུ། སྨན”བཅས་རིགས་སྣ10ཡི་ཐོན་རྫས་སྤུས་ལེགས་ཆེ་གྲས་བཅུ་འགྲེམས་སྟོན་ནང་བཞག་ཡོད་པ་རེད། འཛད་སྤྱོད་རོགས་སྐྱོར་དང་གནད་སྨིན་འབྲེལ་མཐུད། ཐབས་ལམ་རྒྱ་བསྐྱེད་བཅས་ལ་དམིགས་ཏེ་ཧང་ཀྲོའུ་དང་ཐའེ་ཀྲོའུ། ཅིན་ཧྭ་ས་ཁུལ་གསུམ་གྱི་བཟོ་ཚོགས་ཁོངས་གཏོགས་ཀྱི་ཉོ་སྒྲུབ་འགན་འཁུར་བ་དང་དེ་བཞིན་ཐབས་ལམ་ཡག་པོ་ཡོད་པའི་ཚོང་པའི་འཐུས་མི་གདན་འདྲེན་ཧུར་ཐག་བྱས་ནས་ཡུལ་དངོས་སུ་འགྲེམས་སྟོན་དང་བཞུགས་མོལ་སྤེལ་རེས། ཐོན་ཁུངས་འོས་སྦྱོར། ངོ་འཕྲད་གྲོས་མོལ་འབྲེལ་མཐུད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཀྲེ་ཅང་གི་ཉོ་སྒྲུབ་ཚོང་པར་ཐུན་མོང་མ་ཡིན་པའི་“དཀར་མཛེས་ཀྱི་བྲོ་བ་”མྱོང་རོལ་གང་ལེགས་བྱེད་དུ་བཅུག་ནས་ཁུལ་ནང་ཁུལ་གྱི་ཁེ་ལས་ལ་ཀྲེ་ཅང་ཞིང་ཆེན་གྱི་འཛད་སྤྱོད་རོགས་སྐྱོར་ཉོ་སྒྲུབ་བགོ་སྐལ་ལོན་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

རང་ཁུལ་གྱི་འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་དང་ངོ་འཕྲད་གྲོས་མོལ། མངགས་ཐོ་བརྩོན་ལེན་གང་ལེགས་བྱས་པས་ཁུལ་ནང་གི་ཁེ་ལས6གིས་ཀྲེ་ཅང་ཁ་གཏད་རོགས་སྐྲུན་གྲོང་ཁྱེར(རྫོང)གྱི་བྲིན་ཚོང་ཁེ་ལས་བར་ཞིང་ལས་ཐོན་རྫས་ཉོ་སྒྲུབ་ཀྱི་མངགས་ཐོ6བཞག་པ་དང་དངུལ་འབོར་སྒོར་ཁྲི1130ལ་ཟིན་ཡོད། དེའི་ནང་སི་ཁྲོན་ཀན་ཧྲུན་ཟོག་འགྲེམས་སྤྱི་གཉེར་ཁང་དང་ཐའེ་ཀྲོའུ་ཡུས་ཧྲེན་ཚོང་དོན་སྤྱི་གཉེར་ཁང་དང་། གནས་མཆོག་དཀར་མཛེས་གློག་རྡུལ་ཚོང་དོན་སྤྱི་གཉེར་ཁང་། ཐའེ་ཀྲོའུ་རིག་གནས་དང་ཡུལ་སྐོར་མ་འཇོག་འཕེལ་རྒྱས་སྤྱི་གཉེར་ཁང་། བྲག་མགོ་ཧུང་ཐུང་བཟའ་བཅའ་སྤྱི་གཉེར་ཁང་གིས་ཡུལ་དངོས་སུ་ཞིང་ལས་ཐོན་རྫས་ཉོ་སྒྲུབ་མངགས་ཐོ3བཞག་པ་དང་ཉོ་སྒྲུབ་དངུལ་འབོར་སྒོར་ཁྲི850ལ་ཟིན་ཡོད། ཀྲེ་ཅང་དང་དཀར་མཛེས་ཁུལ་གཉིས་ཀྱི་བཟོ་ཚོགས་དང་ཚོང་དོན་སྡེ་ཚན་གྱིས་ད་དུང་ཁུལ་ནང་ཁུལ་གྱི་ཞིང་ལས་སྤུས་ལེགས་དམིགས་བསལ་ཐོན་རྫས་བཟོ་ཚོགས་ཀྱི་སྟེགས་བུ་དང་དེ་བཞིན་སྡེ་ཚན་གྱི་ལས་བཟོའི་ཕན་བདེ་ཉོ་སྒྲུབ་རྩིས་ཐོ་དང་། རང་ཁུལ་གྱི་ཐོན་རྫས་ཀྲེ་ཅང་གི་ལས་ཁུངས་སུ་འགྲེམས་ཚོང་སོགས་ཀྱི་ཐད་འབྲེལ་མཐུད་བྱས་ཡོད།

བྱེད་སྒོ་སྤེལ་རིང་ལ་རང་ཁུལ་གྱིས་ད་དུང་ཁེ་ལས་བསྡུས་ཏེ། ཐའེ་ཀྲོའུ་གྲོང་ཁྱེར་གྱི་འཛད་སྤྱོད་རོགས་སྐྱོར་འགྲེམས་ཁང་དང་ཧང་ཀྲོའུ་གྲོང་ཁྱེར་དཀར་མཛེས་བཟའ་བཏུང་མྱོང་རོལ་ཁང་དུ་རྟོག་ཞིབ་བྱས་པས་མ་ཚད་། ད་དུང2023ལོའི་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་ཞིང་ལས་ཐོན་རྫས་སྒོ་རྩིས་ཚོང་ཁང་གི་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་ནས“གནས་མཆོག་དཀར་མཛེས”དང“དཀར་མཛེས་ལྷ་གཡག”གི་སྤུས་ལེགས་ཐོན་རྫས་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་འཛད་སྤྱོད་ཁྲོམ་རར་འདོན་པར་རོགས་རམ་ནུས་ལྡན་བྱས་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་“ལྟེ་གནས་ལྔའི”འཛུགས་སྐྲུན་ལས་འགན་གལ་ཆེན་ལ་དམིགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གཙོ་གནད་ལས་གཞིར་ཟླ་བ་དང་པོ་ནས་བཅུ་པའི་བར་མ་དངུལ་སྒོར་དུང་ཕྱུར364.69བཏང་ཡོད།
  • དོ་སྣང་ཆེ་བའི་རྩོམ།