རང་ཁུལ་གྱིས་ནགས་རྩྭ་མེ་ཟོན་སྐོར་གྱི་གྲོས་ཚོགས་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-12-04

ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་དང་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་།

     སྤྱི་ཟླ12པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་དང་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཞིང་ཆེན་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་དང་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་དོན་དང་ཉེན་མེད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་མགྱོགས་མྱུར་བརྒྱུད་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ད་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེན་མེད་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་སྲུང་སྐྱོང་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

     ཧྥུང་ཧྥ་ཀུའེ་ཡིས་གཅིག་ནས་མགོ་ཁྲིད་གཙོ་བོས་གཙོ་གནད་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། གཉིས་ནས་གནད་དོན་ཤེས་རྟོགས་བྱུང་ཚེ་རྩད་གཅོད་མཐར་ཕྱིན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། གསུམ་ནས་ཐོག་མཐར་བར་གསུམ་དུ་ལྷོད་གཡེང་མི་གཏོང་བར་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:སྡེ་རོང་རྫོང་སློབ་འབྲིང་གིས་སློབ་མར་རྩོམ་འབྲི་སྟེགས་བུ་བསྐྲུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།