སྡེ་རོང་རྫོང་སློབ་འབྲིང་གིས་སློབ་མར་རྩོམ་འབྲི་སྟེགས་བུ་བསྐྲུན།

ཀརྨ་སེང་གེས་བྲིས།        2023-12-04

    སྤྱི་ཟླ11པའི་ཚེས28ཉིན་སྡེ་རོང་རྫོང་སློབ་འབྲིང་གིས《འོད་གསར་རྩོམ་གྱི་གཡང་ར》ཞེས་པའི་སློབ་མའི་སྦྱངས་རྩོམ་ཚགས་པར་གསར་དུ་བཏོན་ནས་ལོ་གཅིག་འཁོར་བའི་གཟེངས་བསྟོད་མཛད་སྒོ་སྤེལ།

     རྩོམ་ཡིག་འབྲི་བ་ནི་མི་རྣམས་ཀྱིས་སྐད་ཆ་དང་ཡི་གེ་ལ་བརྟེན་ནས་བྱ་དངོས་ཞིབ་བརྗོད་དང་བསམ་བློའི་བརྩེ་དུང་མཚོན་པ་དང་། ཤེས་བྱ་བརྒྱུད་སྤྲོད་བཅས་བྱས་ནས་ཕན་ཚུན་འབྲེལ་འདྲིས་བྱེད་པའི་གསར་གཏོད་རང་བཞིན་གྱི་ཀླད་ཤུགས་ངལ་རྩོལ་གྱི་བརྒྱུད་རིམ་ཞིག་ཡིན་ལ། དེ་ནི་སྐད་ཡིག་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་གཞི་རྩའི་ལག་ཆའང་ཡིན་པས། རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་པ་ནི་སྐད་ཡིག་སྦྱོང་བའི་ཐབས་མཆོག་ཏུ་གྱུར་པ་དེའང་ལགས་སོ།།

སྡེ་རོང་རྫོང་སློབ་འབྲིང་གིས་སློབ་མར་རྩོམ་འབྲི་སྟེགས་བུ་བསྐྲུན།

     སྡེ་རོང་རྫོང་སློབ་འབྲིང་གིས་སློབ་མ་ཚོའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་དང་འདུན་པ་ཆེ་རུ་གཏོང་ཆེད་དང་། སློབ་རའི་རིག་གནས་ཕུན་སུམ་ཚོགས་པོར་ཡོང་ཆེད་དུ་སློབ་མའི་སྦྱངས་རྩོམ་སྤེལ་སའི་རྩོམ་སྟེགས《འོད་གསར་རྩོམ་གྱི་གཡང་ར》ཞེས་པའི་ཚགས་པར་གསར་དུ་གཏོད་ཡོད་པ་རེད། སློབ་གྲྭའི་མགོ་ཁྲིད་རྣམ་པའི་ཐུགས་ཁུར་གཟབ་བཞེས་དང་། བོད་སྐད་ཡིག་དགེ་རྒན་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་འོག་སློབ་མའི་སྦྱངས་རྩོམ་ཚགས་པར་འདི་ཉིད་གསར་དུ་བཏོན་ནས་བགྲང་བྱ་གཅིག་འཁོར་ཡོད་པ་རེད།

སྡེ་རོང་རྫོང་སློབ་འབྲིང་གིས་སློབ་མར་རྩོམ་འབྲི་སྟེགས་བུ་བསྐྲུན།

     མཛད་སྒོ་རུ་དགེ་རྒན་ཡེ་ཤེས་རྡོ་རྗེ་དང་དགེ་རྒན་ནད་མེད་ལྷ་མོ། དགེ་རྒན་ཨ་འཛིན་བཅས་ཀྱིས་སློབ་མའི་སྦྱངས་རྩོམ་སྤེལ་སའི་ཚགས་པར་འདི་ཉིད་གསར་དུ་བཏོད་དགོས་པའི་དམིགས་ཡུལ་དང་བརྒྱུད་རིམ་སོགས་ངོ་སྤྲོད་བྱས་ཤིང་། རྩོམ་འབྲིའི་གལ་ཆེན་རང་བཞིན་དང་དཔེ་ཀློག་གི་དགོས་པ། ཐ་སྙད་གསོག་འཇོག་སོགས་ནི་རྩོམ་ལ་འཇུག་པའི་ལས་དང་པོ་བ་ཞིག་ལ་དགོས་གལ་ཆེ་ཚུལ་སོགས་ནས་གཏམ་བཤད་བྱས།

སྡེ་རོང་རྫོང་སློབ་འབྲིང་གིས་སློབ་མར་རྩོམ་འབྲི་སྟེགས་བུ་བསྐྲུན།

     《འོད་གསར་རྩོམ་གྱི་གཡང་ར》ཞེས་པའི་སློབ་མའི་སྦྱངས་རྩོམ་ཚགས་པར་སྤེལ་ནས་བགྲང་བྱ་གཅིག་འཁོར་བའི་རྟེན་འབྲེལ་མཛད་སྒོའི་སྟེང་དུ་སློབ་རའི་རྩོམ་པ་པོ་ཆུང་ཆུང་གི་མིང་རྟགས་ཐོབ་མཁན་གྱི་སློབ་མ་དང་མཛུབ་སྟོན་དགེ་རྒན་ཕུལ་བྱུང་བཅས་ལ་གཟི་བརྗིད་དཔང་ཡིག་སོགས་སྤྲད།

     མཇུག་ཏུ་སློབ་གཙོ་གཞོན་པ་བློ་བཟང་ཡེ་ཤེས་ཀྱིས་བོད་སྐད་ཡིག་ཚན་ཁག་གི་དགེ་རྒན་ཡོངས་ཀྱིས་ཐུགས་རྗེ་དང་ལྷག་བསམ་ལས་གསར་དུ་འཁྲུངས་པའི་སློབ་རའི་ཚགས་པར《འོད་གསར་རྩོམ་གྱི་གཡང་ར》ལོ་གཅིག་ལོན་པར་རྟེན་འབྲེལ་དང་བྱ་དགའ་ཐོབ་པའི་སློབ་མ་དག་ལ་རྟེན་འབྲེལ་ཞུས་ཤིང་། མ་འོངས་པར་སློབ་མའི་སྦྱངས་རྩོམ་ཚགས་པར་མུ་མཐུད་དུ་རྒྱུན་འཁྱོངས་བྱ་དགོས་པའི་རེ་བ་གང་མང་སྟོན་ཏེ་མཛད་སྒོ་མཇུག་བསྡུས་པའོ།།

སྡེ་རོང་རྫོང་སློབ་འབྲིང་གིས་སློབ་མར་རྩོམ་འབྲི་སྟེགས་བུ་བསྐྲུན།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི2023ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་མུ་མཐུད་འཕར་སྣོན་བྱུང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ནགས་རྩྭ་མེ་ཟོན་སྐོར་གྱི་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།