ཟླ12ཚེས1ཉིན་ནས་གཡག་མདོ་མྱུར་ལམ་དུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ།

ཨོ་རྒྱན་གྱིས་བསྒྱུར།        2023-11-28

    སྤྱི་ཟླ11པའི་ཚེས22ཉིན་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་ཉིང་ལག་རུ་ཁག་བཞི་པའི་རུ་ཆེན་དགུ་པ་དང་། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་ལྔ་པའི་རུ་ཆེན་བདུན་པ། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་ལྔ་པའི་རུ་ཆེན་བརྒྱད་པ། སི་ཁྲོན་གཡག་རྔ་མྱུར་བགྲོད་གཞུང་ལམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་འགྲིམ་འགྲུལ་བཀག་སྡོམ་གྱི་དཔྱད་གཞིའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཤིང་། མིག་སྔའིG4218གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་སི་ཁྲོན་གཡག་རྔ་ནས་དར་མདོ་བར་གྱི་ལམ་དུམ་དུ(གཤམ་དུ་བསྡུས་མིང་ལ་གཡག་མདོ་མྱུར་ལམ་ཞེས་བརྗོད་རྒྱུ)སྨུག་སྤྲིན་འཁྲིགས་ཤིང་གནམ་གཤིས་འཁྱགས་པ་དང་ལམ་ངོས་སུ་དར་ཆགས་པ་སོགས་གནམ་གཤིས་ལ་འགྱུར་ལྡོག་ཆེ་བའི་དུས་སུ་ཁེལ་ཡོད་པས། ཉིན་རེའི་ཆུ་ཚོད20པ་ནས་ཉིན་གཉིས་པའི་ཆུ་ཚོད8པའི་བར་སྤྱི་བདེ་ལས་ཁུངས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་དུས་ཐོག་ཏུ་འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཚོད་ལེགས་སྒྲིག་བྱ་རྒྱུ་རེད།

G4218ཀྱི་གཡག་ཡེ་མྱུར་ལམ་གྱི་སྐོར། 

སི་ཁྲོན་གཡག་རྔ་ནས་དར་མདོ་བར་གྱི་ལམ་དུམ། 

དགུན་དུས་འགྲིམ་འགྲུལ་བཀག་སྡོམ་བྱེད་ཐབས་སྐོར་གྱི་བརྡ་ཁྱབ།


    མིག་སྔའིG4218གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་སི་ཁྲོན་གཡག་རྔ་ནས་དར་མདོ་བར་གྱི་ལམ་དུམ་དུ(གཤམ་དུ་གཡག་མདོ་མྱུར་ལམ་ཞེས་བརྗོད་རྒྱུ)སྨུག་སྤྲིན་འཁྲིགས་ཤིང་ལམ་ངོས་སུ་དར་ཆགས་པ་སོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཆེ་བའི་དུས་སུ་ཁེལ་ཡོད་པས། སྟོན་དུས་དང་དགུན་དུས་སུ་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་བསྣན་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་དང་བརྟན་པོའི་ངང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། གཡག་མདོ་མྱུར་ལམ་དུ་དགུན་དུས་ཀྱི་འགྲིམ་འགྲུལ་བཀག་སྡོམ་བྱ་ཐབས(གཤམ་དུ“དགུན་དུས་ཀྱི་བཀག་སྡོམ་བྱེད་ཐབས”ཞེས་བརྗོད་རྒྱུ)ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བྱ་རྒྱུ་གཤམ་གསལ།


དགུན་དུས་འགྲིམ་བཀག་སྡོམ་དུས་ཚོད། 

2023ལོའི་ཟླ12པའི་ཚེས1ཉིན་ནས2024ལོའི་ཟླ2པའི་ཚེས29ཉིན་བར།


དགུན་དུས་འགྲིམ་བཀག་སྡོམ་ལམ་དུམ།

གཡག་མདོ་མྱུར་ལམ་ཧྲིལ་པོ་དང་ལམ་ཁྲལ་ཚིགས།


དགུན་དུས་འགྲིམ་བཀག་སྡོམ་བྱེད་ཐབས། 

(གཅིག)ཉིན་རེའི་ཆུ་ཚོད20པ་ནས་ཉིན་གཉིས་པའི་ཆུ་ཚོད8པའི་བར་སྤྱི་བདེ་ལས་ཁུངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་བསྟུན་ནས་དུས་ཐོག་ཏུ་བཀག་སྡོམ་གྱི་དུས་ཚོད་ལེགས་སྒྲིག་བྱ་རྒྱུ་རེད།

(གཉིས)མྱུར་སྐྱོབ་རོགས་སྐྱོབ་སོགས་ཛ་དྲག་ཆེ་བའི་ལས་འགན་སྒྲུབ་མཁན་ཉེན་རྟོག་པའི་རླངས་འཁོར་དང་། མེ་གསོད་རླངས་འཁོར། མྱུར་སྐྱོབ་རླངས་འཁོར་བཅས་དང་དེ་བཞིན་མྱུར་བགྲོད་གཞུང་ལམ་དོ་དམ་དང་བདག་སྐྱོང་གི་རླངས་འཁོར་ལ་དེའི་བཀག་སྡོམ་མི་ཐེབས་པར་བྱ་རྒྱུ།

(གསུམ)གཡག་མདོ་མྱུར་ལམ་དུ་བསྐྱོད་པའི་ཁ་ལོ་བས་རི་ཁུལ་མྱུར་ལམ་ཐོག་བདེ་འཇགས་ངང་རླངས་འཁོར་གཏོང་བའི་རྒྱུན་ཤེས་ཤེས་རྟོགས་བྱ་རྒྱུར་དོ་སྣང་བྱ་དགོས་པ་དང་། འགྲིམ་འགྲུལ་བརྡ་རྟགས་དང་བདེ་འཇགས་དྲན་སྐུལ་སོགས་ཀྱི་ཆ་འཕྲིན་ལ་བརྩི་སྲུང་ནན་པོ་ཞུ་དགོས། རླངས་འཁོར་བསྐོར་བའི་བརྒྱུད་རིམ་ཁྲོད་ལམ་ཡོངས་ལ་ཕྱོགས་སྟོན་མ་ལག་སྤྱོད་དགོས་པའི་བསམ་འཆར་བཏོན། དགུན་དུས་སུ་རླངས་འཁོར་བསྐོར་སྐབས་མྱུར་ཚད་ཚོད་འཛིན་ལུགས་མཐུན་བྱས་ནས་བདེ་འཇགས་ངང་བར་ཐག་རིང་པོ་འཇོག་དགོས་པ་དང་ངལ་དུབ་བྱུང་ཚེ་རླངས་འཁོར་མི་བསྐོར་ལ། དཔེར་ན། རླངས་འཁོར་ལ་སྐྱོན་བྱུང་བའམ་ཡང་ན་དོན་རྐྱེན་སོགས་དམིགས་བསལ་གྱི་གནས་ཚུལ་བྱུང་ན།“རླངས་འཁོར་ལམ་འགྲམ་དུ་སྡོད་པ་དང་། མི་ཕྱིར་འཐེན་བྱེད་པ། མགྱོགས་མྱུར་ངང་ཉེན་བརྡ་སྐྱེལ་བ”བཅས་ཀྱི་བདེ་འཇགས་ལ་བསམ་བློ་གཏང་དགོས། ཆུ་ཚོད24རིང་ཉེན་རྟོག་པར་རེ་ཞུའི་ཁ་པར་ཨང་གྲངས་ནི12122དང96122ཡིན། རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་རྣམས་ཀྱིས་སྤྱི་བདེ་ལས་ཁུངས་དང་འགྲིམ་འགྲུལ་ཁྲིམས་འཛིན་སྡེ་ཚན་གྱི་བཀོད་འདོམས་དང་ལེན་བྱས་ནས་རླངས་འཁོར་གྱི་བདེ་འཇགས་འགན་ལེན་བྱ་དགོས། འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་གྱི་གཏན་འབེབས་ལས་འགལ་ཚེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།


སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་ལམ་ཉིང་ལག་རུ་ཁག་བཞི་པའི་རུ་ཆེན་དགུ་པ།

སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་ལྔ་པའི་རུ་ཆེན་བདུན་པ།

སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་ལྔ་པའི་རུ་ཆེན་བརྒྱད་པ།

སི་ཁྲོན་གཡག་མདོ་མྱུར་ལམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཅས་ཀྱིས།

2023ལོའི་ཟླ11པའི་ཚེས22ཉིན།


  • ལེ་ཚན་སྔོན་མ།: དར་མདོ་གྲོང་ཁྱེར་གྱི་ཡུལ་གྲོང་ཁག་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་ལས་དོན་ཡག་པོ་བསྒྲུབས།
  • ལེ་ཚན་རྗེས་མ།:འཆི་མེད་དབང་མོ་ལ་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།