རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཞིག་ལ་བྱ་དགའ་ཐོབ་འདུག།

ཨོ་རྒྱན་གྱིས་བསྒྱུར།        2023-11-17

  ཉེ་ཆར།《ཟམ་པ》དུས་དེབ་ཁང་གིས་གཙོ་གཉེར་བྱས་པའི“2018ལོ་ནས2023ལོའི་བར་གྱི་ཟམ་པ་ཆེས་ལེགས་ཤོས་བཅུ”ཡི་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་གཡག་མདོ་མྱུར་ལམ་གྱི་ལྕགས་ཟམ་ཁའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན(ཁམས་དར་ཟམ་ཆེན)ལ“2018ལོ་ནས2023ལོའི་བར་གྱི་ཟམ་པ་ཆེས་ལེགས་ཤོས་བཅུ”ཡི་མིང་འདོན་བྱ་དགའ་ཐོབ་པ་རེད།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཞིག་ལ་བྱ་དགའ་ཐོབ་འདུག།

     རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཟམ་པ་ལ་གྲུབ་ཆའི་མཛེས་པ་དང་སྒྱུ་རྩལ་གྱི་མཛེས་པ་གང་ལེགས་མངོན་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་ལག་ལེན་དང་དར་སྤེལ་གཏོང་བ་དང་། ཟམ་པའི་ལས་རིགས་ཀྱི་བཟོ་བཀོད་མཛེས་རིག་གི་སྒྱུ་རྩལ་བསམ་གཞིག་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱ་ཆེད།《ཟམ་པ》དུས་དེབ་ཀྱིས་ད་ལོའི་ཟླ8པར་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སྒྲིག་འཛུགས་བྱས་ཏེ“ཟམ་པ་ཆེས་ལེགས་ཤོས་བཅུ”ཡི་དཔྱད་འདེམས་བྱེད་སྒོ་སྤེལ་བ་རེད། “ཟམ་པ་ཆེས་ལེགས་ཤོས་བཅུ”ཡི་ཐད་གྲུབ་ཆའི་ལུགས་མཐུན་རང་བཞིན་དང་། ཁོར་ཡུག་ཞི་མཐུན་རང་བཞིན། མཐོང་ཚོར་སྒྱུ་རྩལ་རང་བཞིན། རིག་གནས་གསར་གཏོད་རང་བཞིན། སྤྱི་དམངས་ཀྱི་ཤེས་ཚོར་རང་བཞིན་བཅས་ཀྱི་ཚད་གཞི་ལྔ་ཡི་ཐོག་ནས་ཞིབ་དཔྱད་བྱས་ཤིང་། ཀང་ཀྲུའུ་ཨའོ་ཟམ་ཆེན་དང་། ནན་ཧྲ་ཟམ་ཆེན། ཕིང་ཐཱེན་མཚོ་འགག་གི་གཞུང་ལམ་དང་ལྕགས་ལམ་གཉིས་ལྡན་གྱི་ཟམ་ཆེན་སོགས་ཁྱོན་ཟམ་པ74“ཟམ་པ་ཆེས་ལེགས་ཤོས་བཅུ”ཡི་ཐོག་མའི་དཔྱད་བསྡུར་ནང་ཚུད་ཡོད་པ་རེད། དྲྭ་ཐོག་འཕྲིན་སྟེགས་ནས་འདེམས་ཤོག་འཕེན་པ་དང་དཔྱད་འདེམས་ཨུ་ལྷན་གྱིས་དཔྱད་འདེམས་བྱས་པ་བརྒྱུད་དེའི་ཁྲོད་ཀྱི་ཟམ་པ20མཐའ་མའི་དཔྱད་འདེམས་ནང་ཚུད་ཡོད་པ་རེད། མཇུག་མཐའི་རྟིང་རྩོད་ཁྲོད་གཡག་མདོ་མྱུར་ལམ་གྱི་ལྕགས་ཟམ་ཁའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ལ་ཕྱི་ཚུལ་ཇུས་འགོད་དམིགས་བསལ་ཡིན་པ་དང་། རིག་གནས་ནང་དོན་ཕུན་སུམ་ཚོགས་ལ། བཟོ་སྐྲུན་ལག་རྩལ་རྩེར་སོན་ཡིན་པ་སོགས་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད་པས“མིང་འདོན་བྱ་དགའ”ཐོབ་ཡོད་པ་རེད།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཞིག་ལ་བྱ་དགའ་ཐོབ་འདུག།

     གཡག་མདོ་མྱུར་ལམ་གྱི་ལྕགས་ཟམ་ཁའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན(ཁམས་དར་ཟམ་ཆེན)དེ་ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་རྫ་གླིང་གྲོང་ཚོའི་མངའ་ཁོངས་སུ་བསྐྲུན་ཡོད། ཟམ་པའི་རིང་ཚད་ལ་སྨི1100ཡོད་ལ། ཆུ་ངོས་ནས་མཐོ་ཚད་སྨི364ཟིན་པས“ཁྲོན་བོད་ཟམ་པ་དང་པོ”ཞེས་གྲགས།


  • ལེ་ཚན་སྔོན་མ།:ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་དཔེ་རྙིང་སྲུང་སྐྱོང་ལས་དོན་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།