ལྷ་འཛོམས་ཀྱིས་བསྒྱུར། 2023-11-08
སྤྱི་ཟླ11པའི་ཚེས3ཉིན།ཁུལ་འགྲིམ་འགྲུལ་གྲོང་ཁྱེར་མ་འཇོག་ཚོགས་པས་འཛུགས་སྐྲུན་དང་དོ་དམ་བྱས་པའི་རྒྱལ་ལམ318པའི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭའི་རམ་འདེགས་བགྲོད་ལམ་དར་མདོ་ནས་ཉག་ཆུ་བར་གྱི་ཕུག་ལམ་བདེ་བླག་ངང་ཕུག་ཐུབ་པ་རེད། ད་བར་དར་མདོ་ནས་ཉག་ཆུ་བར་གྱི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་དྲུག་པོ་ཚང་མ་ཕུག་ཐུབ་ནས་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་སླར་ཡང་འགག་རྩའི་གོམ་སྟབས་ཤིག་སྤོས་པ་རེད།
རྒྱལ་ལམ318ཀྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭའི་རམ་འདེགས་བགྲོད་ལམ་དར་མདོ་ནས་ཉག་ཆུ་བར་གྱི་ལམ་དུམ་ནི་རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་ཞབས་འདེགས་ཞུ་བའི་སྐྱེལ་འདྲེན་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ་རང་ཁུལ་གྱི་ཡུལ་སྐོར་གཞུང་ལམ་དང་ཟོག་འདྲེན་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན། དེ་བསྐྲུན་རྗེས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་ཐུབ་པ་དང་སྔ་ཡོད་ཀྱི་གཞུང་ལམ་ཤར་བགྲོད་ཆུ་ཚད་མཐོར་གཏོང་བ་དང་ས་ཁོངས་གཞུང་ལམ་དྲ་བའི་འཚུབ་བསྟུན་འགན་ལེན་ནུས་པ་ཆེ་རུ་འགྲོ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10