ཞིང་ཆེན་རིམ་པའི་འགྲན་སྡུར་འདིར་རང་ཁུལ་གྱི་གཟི་བརྗིད་འདི་འདྲ་རེད།

ཨོ་རྒྱན་གྱིས་བསྒྱུར།        2023-10-31

      སྤྱི་ཟླ10པའི་ཚེས26ཉིན་གྱི་དགོང་མོར། སི་ཁྲོན་ཞིང་ཆེན་གྱི་ཡུལ་སྡེ་རིག་གནས་དར་རྒྱས་ཀྱི་ཡིད་དབང་འཕྲོག་ཤུགས་འགྲན་སྡུར་སྐབས་གསུམ་པའི་རྟིང་རྩོད་འགྲན་སྡུར་དང་བྱ་དགའ་སྤྲོད་པའི་མཚན་ཚོགས་འགོ་ཚུགས་པ་རེད། མཚན་ཚོགས་ཐོག་ཀོང་ཡོན་གྲོང་ཁྱེར་ཅན་ཀོན་རྫོང་གི་ཞིང་ལས་ཤེས་དཔལ་དང་གྲོང་གསེབ་རིག་གནས། གདོད་མའི་སྐྱེ་ཁམས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་སོགས་ཀྱིས་སི་ཁྲོན་གྱི་ཡུལ་སྡེ་རིག་གནས་ཀྱི་དར་སྲོལ་གསར་པ་དང་རྣམ་པ་གསར་པ་མངོན་ཡོད་པ་རེད།

ཞིང་ཆེན་རིམ་པའི་འགྲན་སྡུར་འདིར་རང་ཁུལ་གྱི་གཟི་བརྗིད་འདི་འདྲ་རེད།

     སྐབས་འདིའི་ཡུལ་སྡེ་རིག་གནས་དར་རྒྱས་ཀྱི་ཡིད་དབང་འཕྲོག་ཤུགས་འགྲན་སྡུར་ཆེན་མོའི་ནང་རང་ཁུལ་གྱི་བརྒྱད་ཟིལ་རྫོང་ས་ལྔ་ལུང་ཡུལ་ཤོག་ལ་ཞིང་ཆེན་ཡོངས་ཀྱི“ཡིད་དབང་འཕྲོག་པའི་ཡུལ་ཤོག་བཅུའི”མཚན་སྙན་ཐོབ་པ་དང་། བརྒྱད་ཟིལ་རྫོང་ས་ལྔ་ལུང་ཡུལ་ཤོག་གི་གྲོང་མི་སྐལ་བཟང་གཡང་འཛོམས་ལ་ཞིང་ཆེན་ཡོངས་ཀྱི“ཡུལ་སྡེའི་སྨྲ་ཚབ་པ་བཅུའི”མཚན་སྙན་ཐོབ། ཉག་ཆུ་རྫོང་ཆུ་ཁ་གྲོང་རྡལ་གྱིས་འོས་སྦྱོར་བྱས་པའི《འཕུར་མཆོང་གི་བེ་ཤའི་གྲོང་ཚོ》ལ་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་དང་། ཁུལ་ཡོངས་ཀྱི་ཉག་ཆུ་དང་། བརྒྱད་ཟིལ། རོང་བྲག། རྟའུ། སྡེ་དགེ། བྲག་མགོ་རྫོང་བཅས་ཀྱི་ཡུལ་ཤོག་དང་གྲོང་རྡལ6དང་གྲོང་གསེབ་ཀྱི་སྨྲ་ཚབ6། རིག་གནས་མཁས་པ5བཅས་ནི་ཞིང་ཆེན་ཡོངས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཡུལ་ཤོག་དང་གྲོང་རྡལ100དང་། ཡུལ་སྡེའི་སྨྲ་ཚབ་པ100། རིག་གནས་མཁས་ཅན100ཡི་གྲས་སུ་ཚུད་ཡོད་པ་རེད། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཉག་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ལ་རྩ་འཛུགས་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད་པ་རེད།
ཞིང་ཆེན་རིམ་པའི་འགྲན་སྡུར་འདིར་རང་ཁུལ་གྱི་གཟི་བརྗིད་འདི་འདྲ་རེད།
ཞིང་ཆེན་རིམ་པའི་འགྲན་སྡུར་འདིར་རང་ཁུལ་གྱི་གཟི་བརྗིད་འདི་འདྲ་རེད།


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གི་སྨན་རམ་ཐོན་ལེགས་བྱུང་ནས་ཡུལ་མིའི་ཡོང་འབབ་འཕར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།